ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་སྐྱེད་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་བརྟག་ཞིབ་ཚོ་ཆུང་གིས་བདེ་ཆེན་ཁུལ་ཏུ་བྱ་བར་བརྟག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས25ཉིན་ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་སྐྱེད་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་ཚུའེ་མའོ་ཡིས་བརྟག་ཞིབ་ཚོ་ཆུང་གི་སྣེ་འཁྲིད་དེ་བདེ་ཆེན་ཁུལ་ཏུ་སླེབས་ནས་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་དང་། ཆེད་ལས་མཁས་ལྡན་མི་སྣའི་ལག་རྩལ་གསོ་སྦྱོང་། གསར་སྤེལ་སྟེགས་བུ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་ཤིང་། སྔ་རྗེས་སུ་བདེ་ཆེན་རྫོང་ངལ་ལས་ཕྱིར་གཏོང་ཞབས་ཞུ་ས་ཚིགས་དང་། ཁུལ་མི་ཤུགས་ཐོན་སྐྱེད་དང་སྤྱི་ཚོགས་འགན་སྲུང་ཅུའུ།  ཁུལ་དམངས་གཉེར་གྱི་ཆེད་ཚན་སློབ་གྲྭ་བཅས་སུ་སོང་ནས་བརྟག་ཞིབ་རྒྱ་ཆེར་སྤེལ་བ་དང་སྦྲགས་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ལས་ཀའི་སྙན་ཞུར་ཉན།

ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་བཞུགས་མོལ་ཚོགའ་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཁུལ་དཔོན་གཞོན་པ་ལོ་ཡན་ལན་གྱིས་བརྟག་ཞིབ་ཏུ་ཕེབས་རིགས་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་ཅིང་། ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་སྐྱེད་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་ཚུའེ་མའོ་དང་འགོ་ཁྲིད་གཞན་དག་གིས་འབྲེལ་ཡོད་ཀྱི་གསུང་བཤད་གལ་ཆེན་གནང་། 

བཞུགས་མོལ་ཚོགས་འདུའི་སྟེང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཁུལ་དཔོན་གཞོན་པ་ལོ་ཡན་ལན་གྱིས་བདེན་ཆེན་ཁུལ་གྱི་གནས་ཚུལ་རགས་ཙམ་མཚམས་སྦྱོར་བྱས་པ་དང་སྦྲགས་བདེ་ཆེན་ཁུལ་གྱི《སྔར་ལས་ལྷག་པའི་སྒོ་ནས་ཡུན་ནན་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་ཡུན་རིང་བརྟན་གནས་བདེ་འགོད་སྐོར་ལ་སྔར་ལས་སྐུལ་འདེད་ཀྱི་ལག་བསྟར་བསམ་འཆར》དང་། 《2016---2018ལོའི་ལོ་གསུམ་གྱི་རིང་བདེ་ཆེན་བོད་ཁུལ་དབུལ་ཐར་འབྱུང་བའི་བྱེད་སྒོའི་འཆར་གཞི》 ། ས་ཆ་གཞུང་བསྡུ་བྱས་པའི་ཞིང་པའི་རྒན་གསོ་འགན་སྲུང་དངུལ་གྱི་གནད་དོན། ཁ་གཏད་བོད་སྐྱོར་གྱི་གནད་དོན། ཤང་གྲོང་སྡོད་དམངས་ཀྱིས་རྒན་གསོའི་འགན་སྲུང་ཐོབ་ཐང་ལོངས་སུ་སྤྱོད་པ། ཁེ་ལས་ལས་འཁྱེར་ངལ་གསོ་བྱས་པའི་མི་སྣའི་གླ་ཕྱོགས་ཇེ་མཐོར་གཏོང་བ།  ལས་ཁུངས་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣའི་རྒན་གསོའི་འགན་སྲུང་ལམ་ལུགས་སྒྱུར་བཅོས། མི་བསྡུ་བའི་སྲིད་ཇུས་ཚད་བཀག་ཆ་རྐྱེན་ལྷུག་ཏུ་གཏོང་བ་སོགས་ཕྱོགས་བརྒྱད་ཀྱི་ངེས་པར་ཐག་གཅོད་བྱེད་དགོས་པའི་དཀའ་ཁག་དང་གནད་དོན་དག་ཞིང་ཆེན་མི་ཤུགས་ཐོན་སྐྱེད་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་བརྟག་ཞིབ་ཚོ་ཆུང་ལ་སྙན་སེང་ཞུས། 

བཞུགས་མོལ་ཚོགས་འདུའི་ཐོག་ཁུལ་མི་ཤུགས་ཐོན་སྐྱེད་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་བདེ་ཆེན་ཁུལ་མི་ཤུགས་ཐོན་སྐྱེད་དང་སྤྱི་ཚོགས་འགན་སྲུང་གི་བྱ་བའི་གནས་ཚུལ་ལ་ཞིབ་ཕྲའི་སྙན་སེང་ཞུས་ལ། ཞིང་ཆེན་མི་ཤུགས་ཐོན་སྐྱེད་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་གཞུང་སྒྲུབ་ཁང་དང་། ཇུས་འགོད་ནོར་དོན་ཁྲུའུ། སྲིད་ཇུས་ཞིབ་འཇུག་ཁྲུའུ། ཆ་འཕྲིན་ལྟེ་གནས་སོགས་ཀྱི་འགན་ཁུར་གཙོ་བོ་ཁུར་བའི་བློ་མཐུན་དང་། བདེ་ཆེན་ཁུལ་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣའི་བརྟག་ཞིབ་ཕེབས་རོགས་བྱས་པ་མ་ཟད། ད་དུང་བཞུགས་མོལ་ཚོགས་འདུ་ལའང་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།