ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཅའི་ཤང་གིས་ངོ་མཚར་ཆེ་བའི་རི་མཆོད་རྟ་རྒྱུག་རིག་གནས་དུས་ཆེན་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ec888feb507c196fb33d1a.jpg

འདི་ནི་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པའི་ཚུལ་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས15ནས16བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའུ་ཅའི་ཤང་མྱིག་ཟུར་སྡེ་བའི་རིར་མཆོད་པ་འབུལ་བ་དང་རྟ་རྒྱུག་པའི་རིག་གནས་དུས་ཆེན་བསྡུས་ཞིང་། གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ལྷ་རིའི་འདབས་སུ་ཕེབས་ནས་སྲོལ་རྒྱུན་གྱི་རི་ལ་མཆོད་འབུལ་དང་རྟ་རྒྱུག་རིག་གནས་དུས་ཆེན་ལ་རོལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་དེ་གར་ཡོང་ནས་རི་ཁུག་གི་གདོད་མའི་སྐྱེ་ཁམས་དམངས་སྲོལ་རིག་གནས་མཉམ་སྤྱོད་བྱས། རི་མཆོད་རྟ་རྒྱུག་རིག་གནས་དུས་ཆེན་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའུ་ཅའི་ཤང་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གསར་འགྱུར་དཔེ་སྐྲུན་དཔར་དབང་ཅུའུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུའུ། གློག་ལྕེ་སྡེ་དམངས་ཨུ་ཡོན་ལྷན་ཁང་།  མྱིག་ཟུར་སྡེ་དམངས་ཨུ་ཡོན་ལྷན་ཁང་།  བརྒྱད་ཟིལ་སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་མཉམ་འབྲེལ་འགན་སྒྲུབ་བྱས་པ་ཡིན།

རི་མཆོད་རྟ་རྒྱུག་རིག་གནས་དུས་ཆེན་གྱི་ནང་དོན་ལ་ཐུན་མོང་གི་བསང་མཆོད་དང་། རྟ་རྒྱུག་འགྲན་བསྡུར། སྐོར་བྲོ་འཁྲབ་པ་སོགས་འདུས་ཞིང་། ནང་དོན་དང་གོ་རིམ་གང་ཞིག་ཡིན་རུང་དེའི་ནང་ཐུན་མོང་མ་ཡིན་པའི་ས་གནས་མི་རིགས་ཀྱི་ཁྱད་ཆོས་མངོན་ཡོད།

338835_11283184.jpg

ec888feb507c196fb33718.jpg

འདི་ནི་ཤང་གྲོང་གི་མི་རྣམས་སྐོར་བྲོ་འཁྲབ་བཞིན་པའི་ཚུལ་ཡིན། 

དུས་ཆེན་ཁྲོད་གྲོང་མི་རང་ཉིད་ཀྱིས་ལག་པ་འགུལ་ནས་ཟ་མ་ལས་བ་དང་། ཚལ་རྔོ་བ། འོ་ཇ་སྐོལ་བ།  དཀར་ཡོལ་འཁྲུད་པ་སོགས་བྱས་ནས་མགྲོན་པོ་སྣེ་ལེན་ལ་གྲ་སྒྲིག་ལེགས་པོ་བྱས་ཏེ། ཁོ་ཚོར་མངར་སིལ་སིལ་གྱི་ཟ་མ་ཞིམ་པོ་ལོངས་སྤྱོད་བྱེད་དུ་བཅུག   དུས་ཆེན་ཁྲོད་རང་སྐལ་ཟ་མ་དང་ཐུན་མོང་གི་ཟ་འཐུང་ཟུང་འབྲེལ་བྱས་ཡོད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ། འདི་ནི་གནའ་བོའི་བོད་རིག་གནས་ཀྱི་རྒྱུན་མཐུད་ཡིན་ཤིང་། ཐུན་མོང་གི་གསོལ་སྟོན་རྣམ་པ་འདི་བརྒྱུད་དེ་ཕན་ཚུན་གྱི་བརྩེ་དུང་ཇེ་ཟབ་ཏུ་གཏོང་བ་དང་། འབྲེལ་མཐུད་སྤེལ་རེས། ཐུན་མོང་གི་འདུ་ཤེས་ཇེ་ཆེར་བཅས་གཏོང་བ་ཡིན

རྟ་ཞོན་རྟ་རྒྱུག་གི་རྣམ་པ་དང་ལྷ་རིར་མཆོད་འབུལ་གྱི་ཆབས་ཅིག་ཏུ་རྟའི་རིག་གནས་ཀྱི་ཉམས་འགྱུར་མངོན་པ་དང་། ས་གནས་དེ་གའི་གྲོང་མིའི་རྟ་ཞོན་ལག་རྩལ་ཡང་མངོན་པར་བྱས་ཡོད། གྲོང་མི་ཚོས་བློ་གཅིག་སེམས་གཅིག་གིས་དམངས་སྲོལ་རིག་གནས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་ལ། འདི་ནི་ཁོ་ཚོས་རང་བྱུང་ཁམས་ལ་དད་གུས་ཆེན་པོ་བྱེད་པའི་མཚོན་ཚུལ་དང་། ཉི་རུའུ་ཡི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། སྲོལ་རྒྱུན་གྱི་རི་ཆུའི་རིག་གནས་ཀྱི་ཤན་ཤུགས་ལས་བྱུང་བ་ཞིག་རེད།

20131031110606654.png

ཟླ10ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་ལུའོ་སྐྱིད་དང་། མྱིག་ཟུར།  རྒྱབ་ལུང་སྡེ་བའི་འཁྲབ་སྟོན་འཐུས་མི་རུ་ཁག་གིས་གཟབ་མཆོར་ལེགས་པར་སྤྲས་ནས་མྱིག་ཟུར་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་འདུས། ལུའུ་ཅའི་ཤང་རི་མཆོད་རྟ་རྒྱུག་དུས་ཆེན་གྱི་སྲོལ་རྒྱུན་དམངས་ཁྲོད་རིག་རྩལ་མཉམ་འཁྲབ་ཀྱིས“སྲོལ་རྒྱུན་དམངས་ཁྲོད་ལག་རྩལ་དར་སྤེལ་དང་། གྲོང་གསེབ་ཁྱད་ལྡན་རིག་གནས་འགྲེམས་སྟོན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། གྲོང་མི་ཚོས་སྤྲོ་སྐྱིད་དགའ་གཏོང་གི་རྣམ་པའི་ལེ་ཚན25འཁྲབ་སྟོན་བྱས། ལེ་ཚན་འཁྲབ་སྟོན་དེ་དག་ཚང་མ་ཐོག་མའི་སྣོད་བཅུད་ཀྱི་ཕ་སྐད་ཡིན་ལ། ལེ་ཚན་ལ་ལ་ནི་སྔོན་ཆད་བརླགས་ཟིན་པ་དང་རྗེས་སུ་སྔོག་འདོན་མྱུར་སྐྱོབ་བྱས་པ་ཞིག་ཡིན་པ་དང་། ལེ་ཚན་ལ་ལ་ནི་སྒྱུ་རྩལ་པ་ཁ་ཤས་ཀྱི་དྲན་ཤེས་ནང་གི་ནོར་བུ་ཡིན། ལེ་ཚན་ལ་ལར་འཐག་རྒྱུན་ཆད་པའི་ཉེན་ཁ་ཡོད་པ་དང་། རིག་གནས་དུས་ཆེན་སྒྲིག་འཛུགས་བྱས་པ་བརྒྱུད་འཕྲལ་སྐྱོབ་དང་། དམངས་ཁྲོད་ཀྱི་རིག་གནས་རྒྱུན་འཛིན། ཁྱབ་གདལ་གཏོང་རིན་ཡོད་པ་དང་། དཔེ་སྟོན་རང་བཞིན་ལྡན་པའི་དམངས་ཁྲོད་ཀྱི་རིག་གནས་དེ་དག་དམངས་ཁྲོད་དུ་རྩ་བ་བཙུགས་ཐུབ་པ་བཅས་བྱས་ནས་ཁྱབ་གདལ་དར་སྤེལ་བཏང་།

20151029082602524.png

ལུའུ་ཅའི་ཤང་དུ་རྒྱ་རིགས་དང་། བོད་རིགས། འཇང་རིགས། ལི་སུའུ་མི་རིགས།  དབྱི་རིགས་སོགས་མི་རིགས་བསྡད་ཡོད་ལ། མི་རིགས་ཁག་སོ་སོར་རང་གི་སྐད་དང་བརྡ། ཡི་གེ་ཡོད་པས་དམངས་ཁྲོད་ཀྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་ལ་སྐྱེ་བོ་མང་པོའི་ཡིད་དབང་བཀུག་ཡོད། འབྲེལ་ཡོད་སྡེ་ཁག་གིས་རིག་གནས་དུས་ཆེན་སྒྲིག་འཛུགས་བྱས་པ་དེའི་མི་རིགས་མཐུན་སྒྲིལ་མཛའ་བཤེས་ཇེ་ཟབ་ཏུ་བཏང་བ་དང་།  མི་རིགས་ཀྱི་རིག་གནས་ཀྱང་རྒྱུན་འཛིན་བྱས་ཡོད་པས་དངོས་ཡོད་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།