ཀྲུང་གོ་བོད་ཀྱི་དྲ་བ།

ཁམས་པའི་ཡུལ་སྲོལ་ལྗོངས་རྒྱུ་བར་ལས་འགོ་བརྩམས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2016-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

བྱེད་སྒོ་འགོ་བརྩམས་པ།

              ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན།   ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཚར་ཆེ་བའི་འཇིག་རྟེན་ཞེས་པའི་ཁམས་པའི་ཡུལ་སྲོལ་ལྗོངས་རྒྱུ་བྱེད་པའི་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་དུ་ སྤེལ་བ་རེད།

༢༢.jpg

ཁམས་པའི་ས་ཁུལ་གྱི་ཡུལ་སྐོར་ཅུའུ་ཡི་འགན་འཁུར་མི་སྣས་བྱེད་སྒོའི་འགོ་བརྩམས་པའི་ཚུལ།

             རྒྱུས་ལོན་བྱུང་བ་ལྟར་ན།   སྐབས་འདིའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཚར་ཆེ་བའི་འཇིག་རྟེན་ཞེས་པའི་ལེ་ཚན་དེ་བདེ་ཆེན་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས་པ་དང་།   དཀར་མཛེས་དང་ཡུལ་ཤུལ་བརྒྱུད་ནས།   བོད་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་དུ་མཇུག་སྒྲིལ་རྒྱུ་ཡིན་པ་དང་།  ཉིན12རིང་དུ་ཁམས་པའི་ཡུལ་སྲོལ་ལྗོངས་རྒྱུ་བ་དེ་དངོས་པར་གློག་བརྙན་ལེན་རྒྱུ་རེད།    དུས་མཉམ་དུ་བྱེད་སྒོས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྨྱན་སྦྱོར་དང་འགྲོ་ཕྱོགས་གཙོ་བོའི་དྲ་ཚིགས་ཆེན་མོ་གསུམ།   ཕྱོགས་ཁག་གི་དྲ་ཚིགས་བདུན་དང་པོད་འཕྲིན་ཐོག་གི་གླེང་གཞི།  རང་ཉིད་ཀྱིས་འཁོར་ལོ་བཏང་ནས་ཡུལ་སྐོར་འགྲོ་བའི་ཉམས་ལེན་སོགས་དྲ་ཐོག་དང་ལག་ལེན་དངོས་ཀྱིས་མཉམ་དུ་ཁྱབ་སྤེལ་བྱས་ནས།   ཕྱོགས་ཡོངས་ནས་ཁམས་པའི་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཆོས་ལུགས་རིག་གནས་དང་།  སྐྱེ་ཁམས་རིག་གནས།  ཕུན་སུམ་ཚོགས་པའི་དམངས་ཁྲོད་རིག་གནས་སྟོན་རྒྱུ་ཡིན་པ་དང་།   ཁམས་པའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ཡུལ་བཟོ་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

༣༣.jpg

ཁམས་པའི་ས་ཁུལ་གྱི་ཡུལ་སྐོར་ཅུའུ་དང་འབྲེལ་ཡོད་མི་སྣའི་པར་བརྒྱབ་པ།

           ཁམས་པའི་ས་ཁུལ་ནི་ཡུན་ནན་གྱི་བདེ་ཆེན་དང་།   སི་ཁྲོན་གྱི་དཀར་མཛེས།  མཚོ་སྔོན་གྱི་ཡུལ་ཤུལ།  བོད་ལྗོངས་ཀྱི་ཆབ་མདོ་བཅས་ཀྱིས་གྲུབ་པ་དང་།  བོད་རྒྱ་སྣེ་མཚམས་ས་ཁུལ་དུ་གནས་ཡོད།   གནའ་སྔ་མོར་གནས་དེ་ནི་ཐང་བོད་གནའ་ལམ་ཞིག་ཡིན་པ།  ས་ཁུལ་དེའི་ཐུན་མིན་གྱི་ས་བབ་གནས་ཡུལ་གྱི་དབང་གིས།   སྔར་ནས་བཟུང་མི་རིགས་བརྗེ་རེས་དང་གནས་སྤོའི་བར་འཁྱམས་ཆེན་མོ་ཞིག་ཡིན་པ་སྟེ།  རྒྱ་རིགས་དང་བོད་རིགས།  ཧུའེ་རིགས།   སོག་རིགས་སོགས་མི་རིགས་ཀྱིས་ས་འདིར་འདྲེས་སྦྱོར་སྐྱེ་འཕེལ་བྱས་ནས།   དམིགས་གསལ་དང་ངོ་མཚར་བའི་ཁམས་པའི་རིག་གནས་ཆགས་ཡོད་པ་དང་།  བོད་ཀྱི་རིག་གནས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཏུ་ཆགས་ཡོད།   ཁམས་པའི་རིག་གནས་ནི་རྔམ་མཐུག་པའི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་ཀྱིས་ནང་དོན་གཙོ་བོ་བྱས་པ་དང་།   ལྷོ་བྱང་གི་གྲངས་ཉུང་མི་རིགས་སོ་སོའི་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན་བྱས་པ་དང་བྱང་ནུབ་ས་ཁུལ་གྱི་རིག་གནས་ཀྱི་སྙིང་བཅུད་སིམ་ཡོད་པས།  ཆུད་པའི་རང་བཞིན་དང་རྒྱུ་མང་མཉམ་འདུས་ཀྱི་རང་བཞིན་ལྡན་པ་རེད།

༤༤.jpg

རིག་རྩལ་འཁྲབ་སྟོན།

      2015ལོའི་ཟླ10པར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དར་མདོ་རུ་སི་ཁྲོན་དང་ཡུན་ནན། བོད་ལྗོངས་དང་མཚོ་སྔོན་བཅས་ཀྱི་སྣེ་མཚམས་བོད་ཁུལ་གྱི་གྲོང་ཁྱེར་དང་ཁུལ་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོའི་ཐོག    དཀར་མཛེས་དང་རྔ་བ།  བདེ་ཆེན།  ཆབ་མདོ།  ཡུལ་ཤུལ།  མགོ་ལོག་བཅས་ཁུལ་དང་གྲོང་ཁྱེར་དྲུག་གི་ཁུལ་དཔོན་དང་།   ཡུལ་སྐོར།  འཕེལ་སྒྱུར།  འགྲིམ་འགྲུལ།  རིག་གནས་བཅས་སྡེ་ཁག་གི་འགན་འཁུར་མི་སྣ་ཡིས་སི་ཁྲོན་དང་ཡུན་ནན། བོད་ལྗོངས་དང་མཚོ་སྔོན་བཅས་ཀྱི་སྣེ་མཚམས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  ལག་གདང་སྒྲིལ་ཏེ་དར་འཕེལ་གཏོང་བ་དང་།  ཆ་འཕྲིན་མཉམ་སྤྱོད།   མཉམ་གཏོད་མཉམ་ལས་ཀྱི་བྱེད་ཐབས་བརྒྱུད་ནས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།   རང་ངོས་སོ་སོ་ནས་ཆབ་སྲིད་དང་།  ཐོན་ཁུངས།  གནས་ཡུལ།  རིག་གནས།  སྲིང་ཇུས་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས།  ས་གནས་བཞིའི་མཉམ་ལས་མངོན་དུ་འགྱུར་བར་འབད་པ་དང་།  མཉམ་དུ་རིག་གནས་ཡུལ་སྐོར་གྱི་རྟགས་ཅན་བཟོ་སྟེ།  རྟགས་ཅན་མཉམ་སྤྱོད་དང་ཐོན་རྫས་ཕན་ཚུན་སྐུལ་འདེད་བྱེད་པ།   འགྲུལ་པའི་ཡོང་ཁུངས་ཕན་ཚུན་སྟེར་བ།  མཉམ་དུ་བཀག་པ་མེད་པའི་ཡུལ་སྐོར་ས་ཁུལ་བཟོ་བ།    མཉམ་དུ་འཛམ་གླིང་སྐྱེ་ཁམས་རིག་གནས་ཤུལ་བཞག་གི་ཡུལ་སྐོར་ལམ་ཐིག་དང་ཁམས་པའི་ཡུལ་སྲོལ་གྱི་ཡུལ་སྐོར་ལམ་ཐིག  ཤམ་བྷ་ལའི་སྐྱེ་ཁམས་ཡུལ་སྐོར་འཁོར་རྒྱ་བཅས་ཐིག་གཉིས་ར་གཅིག་ཞེས་པས་གཙོ་བོ་བྱས་པའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ཡུལ་བཟོ་རྒྱུ་སོགས་ལ་གྲོས་མཐུན་བྱུང་བ་རེད།

༥༥.jpg

འཁྲབ་མཁན་ཕོ་མོ་བློ་བཟང་རྡོ་རྗེ་དང་ཧའོ་ཞང་། 

རྗེས་མར།   ཁམས་པའི་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་གྱིས་ཁམས་པའི་ཡུལ་སྲོལ་གོམས་འདྲིས་ལ་འཕྲེད་བརྒལ་དུ་གྱུར་པའི་ཡུལ་སྐོར་གྱི་བྱེད་སྒོ་རེས་མོས་སྤེལ་རྒྱུ་ཡིན་ཏེ།   དམིགས་ཡུལ་ནི་ཁམས་པའི་ས་ཁུལ་གྱི་མི་ཆོས་བརྗེ་རེས་བྱེད་པ་དང་།  ཡུལ་སྐོར་མཉམ་ལས་སྐུལ་འདེད་གཏོང་བ།   ཁམས་པའི་རིག་གནས་དང་།  ཡུལ་སྐོར་ཐོན་ཁུངས་སྟོན་པ།   མཉམ་རུབ་ཀྱིས་ཐིག་གཉིས་ར་གཅིག་ཞེས་པས་གཙོ་བོར་བྱས་པའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ཡུལ་བཟོ་རྒྱུ་དེ་ཡིན།

༦༦.jpg

སྨྱན་སྦྱོར10ལྷག་གིས་བྱེད་སྒོར་ཐུགས་ཁུར་གནང་བ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།