ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་ཁྲིམས་ཁང་གི་ཞིབ་འཇུག་བརྟག་དཔྱད་ཚན་ཆུང་བདེ་ཆེན་རྫོང་མི་དམངས་ཁྲིམས་ཁང་དུ་ཞིབ་འཇུག་བརྟག་དཔྱད་བྱེད་དུ་སོང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཞིབ་འཇུག་བརྟག་དཔྱད་ཚན་ཆུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་མི་དམངས་ཁྲིམས་ཁང་དུ་བྱ་བའི་གནས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་བྱེད་དུ་སོང་།

༢.png

ཞིབ་འཇུག་བརྟག་དཔྱད་ཚན་ཆུང་གིས་བསྟན་དོན། ཡུན་རིང་ནས་བཟུང་བདེ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ལས་མི་རྣམས་ལ་དབྱང་རླུང་ཆད་པ་མ་གཏོགས་སྙིང་སྟོབས་མེད་པ་མིན་ཏེ་ཁོ་ཚོ་གངས་ལྗོངས་མཐོ་སྒང་དུ་བསྡད་དེ་འབད་བརྩོན་ལྷོད་མེད་ཀྱིས་བདེ་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་རང་ཉིད་ཀྱི་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་རང་བྱུང་ཆ་རྐྱེན་གྱི་དབང་གིས་བདེ་ཆེན་གྱི་བྱ་བའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་པས་བདེ་ཆེན་རྫོང་ཁྲིམས་ཁང་གི་ཁྲིམས་དཔོན་རྣམས་ཀྱིས་ཁྲིམས་འཛིན་འདུ་ཤེས་དམ་པོར་བཟུང་ནས་དཀའ་ངལ་སྣ་ཚོགས་སེལ་ནས་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་པ་དང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ཡུན་ནན་མཐོ་རིམ་ཁྲིམས་ཁང་གིས་ད་དུང་སྔར་ལས་ལྷག་པའི་རོགས་རམ་དང་དང་རྒྱབ་སྐྱོར་བྱེད་རྒྱུ་རེད།  

༣.png

                                         བདེ་ཆེན་ཁུལ་གྱི་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀུའུ་ཁོན་ཞིབ་འཇུག་བརྟག་དཔྱད་ཚན་ཆུང་དང་མཉམ་དུ་ཞིབ་འཇུག་བརྟག་དཔྱད་བྱེད་དུ་སོང་།


༤.png

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།