ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས2016ལོའི་ཡུན་ནན་དང་ཟི་ཁྲོན། བོད་ལྗོངས། མཚོ་སྔོན་བཅས་ཀྱི་ཕྱི་སྡོད་བོད་མིའི་བྱ་བའི་ས་ཁོངས་ལས་རོགས་མཉམ་འབྲེལ་ཚོགས་འདུ་བསྡུས། པར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན2016ལོའི་ཡུན་ནན་དང་ཟི་ཁྲོན། བོད་ལྗོངས། མཚོ་སྔོན་བཅས་ཀྱི་ཕྱི་སྡོད་བོད་མིའི་བྱ་བའི་ས་ཁོངས་ལས་རོགས་མཉམ་འབྲེལ་ཚོགས་འདུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་བསྡུས།

ཐེངས་འདིའི་ས་ཁོངས་ལས་རོགས་མཉམ་འབྲེལ་ཚོགས་འདུ་ཡིས“ས་ཁོངས་མཉམ་འབྲེལ་བྱེད་པར་ཤུགས་སྣན་ཏེ་མཉམ་དུ་འཆམ་མཐུན་བོད་ཁུལ་འཛུགས་སྐྲུན་བྱེད་པ”བརྗོད་བྱ་བྱས་ཏེ་ཡུན་ནན་དང་ཟི་ཁྲོན། བོད་ལྗོངས། མཚོ་སྔོན་བཅས་ཀྱི་ཕྱི་སྡོད་བོད་མིའི་ལས་བྱེད་མི་སྣ་མཉམ་དུ་འཛོམས་ནས་བསམ་བློ་བརྗེ་རེས་དང་སློབ་སྦྱོང་སོགས་བྱས་ཏེ་མཉམ་དུ་གྲོས་མོལ་བྱས་ནས་བོད་ཁུལ་གྱི་ས་ཁོངས་མཉམ་འབྲེལ་ལས་དོན་གོ་སྒྲིག་བྱས་པ་མ་ཟད། འདི་རྨང་གཞི་བྱས་ཏེ་ཕྱི་སྡོད་བོད་རིགས་སྤུན་ཟླའི་རྒྱུན་ལྡན་གྱི་བྱ་བའི་ཁྲོད་ནས་མཉམ་སྒྲུབ་ས་ཁོངས་བར་གསང་འཕྲིན་བསྐུར་པ་དང་ཆ་འཕྲིན་མཉམ་རོལ། མཐུན་སྒྲིལ་མཉམ་སྒྲུབ་སོགས་བྱེད་པར་ཤུགས་བསྣན་ནས་མཉམ་དུ་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་འཇགས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ལ་སྲུང་སྐྱོབ་དང་སྐུལ་འདེད་བྱས་པ་རེད།

ཚོགས་འདུར་ཞུགས་པའི་འཐུས་ཚབ་མི་སྣ་དག་གིས་ཕྱི་སྡོད་བོད་མིའི་ས་ཆ་སོ་སོའི་འབྲེལ་ཡོད་ཀྱི་བྱ་བའི་གནས་ཚུལ་སྐོར་ནས་གཏམ་བཤད་དེ་བསམ་བློ་བརྗེ་རེས་བྱས་ཤིང་ཕྱིན་ཆད་ཞིང་ལྗོངས་བཞི་བོས་སྔར་ལས་ལྷག་པར་འབྲེལ་ཡོད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་ལ་སློབ་སྦྱོང་གི་མིག་དཔེ་བཟང་པོ་མཁོ་འདོན་བྱས་པ་དང་། ཚོགས་འདུ་ལས་ད་དུང་ས་ཁོངས་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཡུན་ནན་དང་ཟི་ཁྲོན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་བཞི་དང་རང་སྐྱོང་ཁུལ། བོད་ཁུལ་ལ་ཐག་ཉེ་བའི་ས་ཁུལ་དང་ཁུལ་སོགས་ཀྱིས་ལོ་རེར་འདི་འདྲའི་བྱ་འགུལ་ཐེངས་གཅིག་སྤེལ་བ་དང་ཚོགས་ཞུགས་ལས་ཁུངས་དག་གིས་རེས་མོས་བྱས་ནས་གཙོ་སྒྲུབ་བྱེད་རྒྱུ་ཡིན་པར་བསྟན།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།