ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ལྷོ་ནུབ་ས་ཁུལ་ལ་ཆར་ཆུ་འབབ་ཚད་སྔར་བས་ཆེ་བ་དང་ས་གཤིས་གནོད་སྐྱོན་སྔོན་འགོག་གི་གནས་ཚུལ་ཛ་དྲག་ཏུ་གྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2016-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་བའི་འཕྲིན། ཟླ4བའི་སླེབས་པའི་ཚུན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ས་ཁུལ་ལ་ཆར་ཆུ་འབབ་ཚད་སྔར་བས་ཇེ་ཆེར་སོང་བ་དང་། ས་གཤིས་གནོད་སྐྱོན་གྱི་སྔོན་འགོག་གི་གནས་ཚུལ་དེ་བས་ཛ་དྲག་ཏུ་གྱུར་ཡོད།

ཚོད་དཔག་ལྟར་ན། ཟླ4བའི་ཚེས198ཉིན་ནས་ཚེས24ཉིན་བར་དུ། བདེ་ཆེན་ཁུལ་ལ་བསྟུད་མར་ཆར་ཆུ་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་པ་དང་། ལྷོ་ནུབ་ས་ཁུལ་དུ་ཆར་ཆུ་འབབ་ཚད་ཆེ་ལ། བསྟུད་མར་ཆར་ཆུ་འབབ་པ་དེས་སྔར་ལས་ལྷག་པའི་སྒོ་ནས་ས་གཤིས་གནོད་སྐྱོན་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཉེན་ཁ་འབྱུང་བར་ཉེན་ཆེ་བས། འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ཡོངས་ཀྱིས་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ་འབྲེལ་ཡོད་ཀྱི་སྔོག་འགོག་བྱ་བ་ལེགས་པོར་སྒྲུབ་རྒྱུ་གལ་ཆེའོ།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།