རྡོ་མཁར་རྫོང་ལ་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་ཞུ་ཡིག་འབུལ་རྒྱུ་ཡིན།

146001539660207.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྡོ་མཁར་རྫོང་ལ་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་ཞུ་ཡིག་འབུལ་བའི་ལས་ཀ་འགོ་ཁྲིད་ཚོ་ཆུང་བཙུགས་ཤིང་། ཕྱོགས་ཡོངས་ནས་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་ཞུ་ཡིག་འབུལ་བའི་ལས་ཀ་བྱེད་འགོ་ཚུགས།

རྡོ་མཁར་རྫོང་ལ་“རྡོ་མཁར་གྱི་གྲོང་ཁྱེར”ཡང་ཟེར་ཡོད།ཐོག་མ་ནི་ཐང་རྒྱལ་རབས་སུ་བཙུགས་པ་དང་།ད་ལྟར་ལོ་1300ལྷག་གི་ལོ་རྒྱུས་ཡོད་པ་དང་།ཇ་འདྲེན་གནའ་ལམ་གྱི་རིག་གནས་དང་དམར་པོའི་རིག་གནས།ཆོས་ལུགས་རིག་གནས་བཅས་ལྡན་པ།ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་ཞུ་ཡིག་འབུལ་བའི་ལས་ཀས་ཁྱད་ལྡན་གྱི་ལོ་རྒྱུས་རིག་གནས་ནས་ཚད་བརྒལ་དམིགས་ས་འཚོལ་ཞིང་།ད་དུང་ལོ་རྒྱུས་ཀྱི་འཛུགས་སྐྲུན་དང་རིག་དངོས་འཆར་འགོད་ཀྱི་སྲུང་སྐྱོང་དུས་མཉམ་ནས་སྐུལ་འདེད་གཏོང་བ་རེད།

2012ལོར།ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྡོ་མཁར་རྫོང་ལ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་མཚན་སྙན་གནང་བ།2013ལོའི་ལོ་མཇུག་གི་ཚུན་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་ཞུ་ཡིག་འབུལ་རྒྱུར་གྲ་སྒྲིག་བྱས་པ་དང་།《རྡོ་མཁར་རྫོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དུ་ཞུ་བའི་ཡིག་དེབ》དང་《རྡོ་མཁར་རྫོང་སྲུང་སྐྱོང་བྱེད་པའི་འཆར་འགོད》བཟོས་བ་དང་།སྔ་རྗེས་སུ་མཁན་པ་གདན་འདྲེན་ཞུས་ནས་དཔང་ཉན་ཚོགས་འདུ་འཚོགས་ཏེ།ལོ་རྒྱུས་རིག་གནས་གྲོང་ཁྱེར་གྱི་གནས་བབ་ལེགས་པོ་དང་མི་འདང་ས་ཞིབ་དཔྱད་དང་འདྲི་རྟོག་བྱས།2014ལོར།མེ་སྐྱོན་གྱི་གནོད་སྐྱོན་ཐེབས་ནས་ཞུ་ཡིག་འབུལ་བའི་ལས་ཀ་མཚམས་འཇོག་པ་རེད།ད་ལྟར་རྡོ་མཁར་རྫོང་བསྐྱར་སྐྲུན་ལས་ཀ་ལེགས་གྲུབ་བྱུང་བར་ཉེ་ཞིང་།རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དུ་ཞུ་ཡིག་འབུལ་རྒྱུའི་ཆ་རྐྱེན་དང་མཐུན་པས།རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དུ་ཞུ་ཡིག་འབུལ་བའི་གོ་རིམ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞི་ལ་གཞིགས་ནས།གྲ་སྒྲིག་ལས་ཀ་དང་འབྲེལ་བའི་སྡེ་ཁག་སོ་སོས་དེ་དང་མཐུན་པའི་རྣམ་གྲངས་ཚོ་ཆུང་བཙུགས་ཡོད་དེ།ལོ་ནང་རིམ་བཞིན་རྒྱལ་ཁབ་རིམ་པས་ཞིབ་བཤེར་གནང་བར་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།