ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2015ལོའི་ཟླ12པའི་ཚེས25ཉིན།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་དུ་སྤེལ་བའི་གངས་ལྗོངས་མཐོ་སྒང་གི་ཁྲིམས་འཛིན་གྱི་བརྟན་སྲུང་ཞེས་པའི་བརྗོད་བྱ་གཙོ་བོའི་རྩོམ་བསྡུའི་བྱ་དགའ་འགྲེམས་པའི་མཛད་སྒོ་དེ་ཁུལ་རིག་གནས་ཁང་དུ་སྤེལ་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀུའུ་ཁུན་དང་། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ཀྲའོ་ལི་ཅུན།ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ།ཀྲུའུ་རེན་གཞོན་པ་ཧོ་ཧྲི་ཚུང་སོགས་ཞུགས་ཡོད་པ་དང་།བྱ་དགའ་ཐོབ་མཁན་ལ་བྱ་དགའ་འགྲེམས་པ་རེད།

བརྗོད་བྱ་གཙོ་བོའི་རྩོམ་བསྡུའི་བྱེད་སྒོ་དེ2015ལོའི་ཟླ9པ་ནས་འགོ་ཚུགས་པའི་ཚུན།བདེ་ཆེན་ཁུལ་གྱི་རིམ་པ་གཉིས་ཀྱི་ཁྲིམས་ཁང་ནས་ཡོང་བའི་རྩོམ་ཡིག70ལྷག་འབྱོར་ཡོད་པ་དང་།དེ་མིན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གཞན་ནས་ཡོང་བའི་རྩོམ་ཡིག40ཉེ་ཙམ་ཡོད།རྩོམ་ཡིག་གི་ནང་དོན་ཕུན་སུམ་ཚོགས་པོ་ཡིན་ཞིང་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་ལ།ཁྱབ་རྒྱའང་ཆེན་མོ་ལྡན་པ་སྟེ།ལྟ་ཕྱོགས་མི་འདྲ་བའི་སྒོ་ནས་ཁྲིམས་དཔོན་ལས་རིགས་ལ་འཛིན་པའི་ཤེས་རྟོགས་དང་བདེ་ཆེན་ཁྲིམས་དཔོན་གྱི་མཐོ་སྒང་དུ་གསོ་རླུང་མི་འདང་ཡང་སྙིང་སྟོབས་རྒྱས་ཤིང་། དཀའ་ཁག་ཆེ་ཡང་དཔའ་མི་ཞུམ་པའི་སྙིང་སྟོབས་གསལ་འགྲེལ་བྱས་ཡོད་ལ། བདེ་ཆེན་ཁྲིམས་ཁང་གི་ལས་བྱེད་པའི་ཕུགས་འདོན་དང་བརྩེ་སེམས།བརྩོན་ལེན་ལ་བསྟོད་བསྔགས་བྱས་ཡོད།རྩོམ་བསྡུའི་དཔྱད་བསྡུར་འདེམས་བསྐོའི་ཨུ་ལྷན་གྱིས་དཔྱད་བསྡུར་འདེམས་བསྐོ་བྱས་པར་བརྒྱུད།ཁྱོན་བསྡོམས་བྱ་དགའ་ཨང་དང་པོ་ཐོབ་མཁན་མི་3དང་།བྱ་དགའ་ཨང་གཉིས་པ་ཐོབ་མཁན་མི4དང་།བྱ་དགའ་ཨང་གསུམ་པ་ཐོབ་མཁན་མི་5དང་།ཕུལ་བྱུང་བྱ་དགའ་ཐོབ་མཁན་མི་7བཅས་བདམས་ཐོན་བྱས་ཤིང་།དུས་མཚུངས་སུ་རྩ་འཛུགས་བྱ་དགའ2དཔྱད་བསྡུར་འདེམས་བསྐོ་བྱས།

ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ཆབ་སྲིད་པུའུ་དང་བདེ་ཆེན་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།ཁུལ་སྲིད་ཁྲིམས་ཨུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་།བྱ་དགའ་ཐོབ་མཁན་གྱི་འཐུས་མི་སོགས་བྱ་དགའ་འགྲེམས་པའི་མཛད་སྒོར་ཞུགས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།