ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བདེ་ཆེན་ཁུལ་གྱིས་ཞིང་ལས་ཀྱི་ཕན་ནུས་དང་ཞིང་པའི་ཡོང་སྒོ་འཕར་བའི་དམིགས་འབེན་དང་། ཀྲུང་དབྱང་དང་ཞིང་ཆེན་གྱིས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ནས། ཧུར་ཐག་གིས་ཐོན་ཚད་དམའ་འབྲིང་གི་ཞིང་ཁ་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་བ།

ད་ལོར། བདེ་ཆེན་ཁུལ་ཡོངས་ཀྱིས་ཐོན་ཚད་དམའ་འབྲིང་གི་ཞིང་ཁ་མུའུ་ཁྲི6 ལེགས་བཅོས་བྱས་ཏེ། དངུལ་འཇོག་སྒོར་ཁྲི11350.1གྲུབ་པ། དེའི་ནང་ཞིང་ཆེན་ཡན་གྱི་དངུལ་འཇོག་སྒོར་ཁྲི11169.6གྲུབ་པ་དང་། མང་ཚོགས་ཀྱི་འོས་འགན་ངལ་རྩོལ་གྱི་ཕབ་རྩིས་དངུལ་གྲངས་སྒོར་ཁྲི180.5ཡོད། རྣམ་པ་ཆུང་གྲས་ཀྱི་ཆུ་བེད་ལས་གྲྭ344དང་ཞིང་ཁའི་ཆུ་ཡུར་སྤྱི་ལེ137.66 དང་། མདོང་དྲ་སྤྱི་ལེ128.64དང་། ཞིང་ཁའི་འཕྲུལ་རྨོའི་ལམ་སྤྱི་ལེ104.68བཅས་ལེགས་བཅོས་བྱས་པ་དང་། རི་ཞིང་མུའུ0.03སྐས་ཞིང་དུ་བསྒྱུར་བ། ས་ཆ་མུའུ་ཁྲི2.35 ཁོད་སྙོམས་བཟོས་པ། སྐྱེ་དངོས་ཀྱི་ཞིང་རྩལ་བྱ་ཐབས་མུའུ་ཁྲི0.78ལག་ལེན་བྱས་པ། རྨོ་ཞིང་མུའུ2032གསར་སྣོན་བརྒྱབ་ཡོད། འདི་ནི་བདེ་ཆེན་ཁུལ་གྱིས་ཐོན་ཚད་དམའ་འབྲིང་ཞིང་ཁ་ལེགས་བཅོས་བྱེད་པའི་ཚུན་དུ། འཇོག་ཚད་ཆེས་མང་བ་དང་ལེགས་བཅོས་རྒྱ་ཁྱོན་ཆེས་ཆེ་བའི་ལོ་ཞིག་རེད།

རྣམ་གྲངས་ལག་ལེན་བྱས་ནས། རྣམ་གྲངས་ཁུལ་གྱི་ཞིང་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཐུབ་སྟེ། རྣམ་གྲངས་ཁུལ་གྱི་ཆུ་འདྲེན་ལ་གནད་དོན་ཡོད་པའི་དཀའ་ངལ་ཐག་གཅོད་བྱེད་པ་དང་ཞིང་ལས་ཀྱི་ཕན་ནུས་མཐོ་རུ་འཕར་ཐུབ་པ། སྔར་ལས་ལྷག་པར་ཞིང་ཁའི་ཕྱོགས་བསྡུས་ཐོན་ཚད་ཆུ་ཚད་དང་གནོད་འགོག་ནུས་ཤུགས་མཐོ་རུ་གཏོང་ཞིང་། ཞིང་ལས་དང་ཞིང་གྲོང་གི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་སྲུང་། མཐུན་སྦྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།