ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན།རང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དང་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་ཁ་བ་དཀར་པོའི་གནས་སྐོར་ལོའི་བྱེད་སྒོའི་ཞབས་འདེགས་ལས་ཀ་ལ་གུས་ལན་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཁུལ་དཔོན་ཆི་ཅན་ཞིན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་དང་།ཁོང་གིས་ལོ་གཅིག་རིང་ལ་ཁུལ་(གྲོང་ཁྱེར)གསུམ་གྱིས་རང་ཁུལ་གྱི་ལས་ཀར་ཤུགས་ཆེན་གྱིས་རོགས་སྐྱོར་བྱེད་པར་བཀའ་དྲིན་ཆེ་ཞུས་པ་དང་།ད་ཕྱིན་མཐའ་སྐོར་བོད་ཁུལ་གྱིས་རྒྱུན་མཐུད་ངང་མཉམ་ལས་དང་རྗེས་རེས་བྱས་ནས།མཉམ་དུ་བདེ་སྡོད་ལས་བརྩོན་དང་འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་པ།མི་རིགས་མཐུན་སྒྲིལ་དང་།དཔལ་ཡོན་འཆམ་མཐུན་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ཁུལ་གསར་པ་འཛུགས་པའི་རེ་བ་བཏོན།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀུའུ་ཁུན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས།

ཆི་ཅན་ཞིན་གྱིས་ཡུལ་སྐོར་ལས་རིགས་ནི་བདེ་ཆེན་གྱི་རྐང་འཛིན་ཐོན་ལས་ཡིན་ཞིང་སྣེ་ཁྲིད་ཁེ་ལས་ཀྱང་ཡིན་པ་དང་། ཁ་བ་དཀར་པོ་ལ་ངོ་མཚར་ཆེ་བའི་རང་བྱུང་ཡུལ་ལྗོངས་ཡོད་དེ་ཡུལ་སྐོར་བ་མང་པོ་འཇོལ་རྫོང་ལ་ལྟ་སྐོར་དུ་ཡོང་ཡོད།ད་ལོ་ནི་ཁ་བ་དཀར་པོའི་གནས་སྐོར་ལོ་ཡིན་པའི་རྐྱེན་གྱིས།འབྲེལ་ཡོད་ལས་ཀ་ཡོངས་ཡག་པོ་སྒྲུབ་ཆེད།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་རྩིས་མཐོང་ཆེན་པོ་གནང་བ་དང་།རང་ཁུལ་གྱིས་གནས་སྐོར་ལོའི་བྱེད་སྒོ་དེ་ལོ་ཡོངས་ཀྱི་གནད་ཆེའི་ལས་ཀ་ཞིག་ཏུ་བཞག་སྟེ་དམ་འཛིན་བྱས་པ་རེད།སྔར་ལས་ལྷག་པར་མཐའ་སྐོར་བོད་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་ཆེད།གོང་རིམ་གྱིས་མཐུན་སྦྱོར་བྱས་པའི་འོག ཡུལ་ཤུལ་ཁུལ་དང་ཆབ་མདོ་གྲོང་ཁྱེར།དཀར་མཛེས་ཁུལ་གྱིས་རང་ཁུལ་ལ་ཤུགས་གྱིས་དྲིལ་བསྒྲགས་དང་སློབ་གསོའི་ལས་ཀ བཟའ་བཏུང་། ཞག་སྡོད། འགྲིམ་འགྲུལ། བདེ་འཇགས་སོགས་ཕྱོགས་མང་པོ་ནས་ཡུལ་སྐོར་བའི་འགན་སྲུང་ཞབས་འདེགས་བྱེད་རོགས་བྱས།ལོ་གཅིག་རིང་ལ་ཞབས་འདེགས་ཞུ་མིས་ནན་ཏན་གྱིས་ལས་ཀ་བསྒྲུབས་པ་དང་སྒྲིག་ཁྲིམས་བརྩི་སྲུང་དང་།ཕན་ཚུལ་ལ་མཐུན་སྒྲིལ།གནས་སྐོར་ ཡོང་བའི་མང་ཚོགས་དང་ཡུལ་སྐོར་བར་ཞབས་འདེགས་ཡག་པོ་བྱས་ཡོད་ཅིང་།མིག་སྔར།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་190ལྷག་སྣེ་ལེན་བྱས་ཡོད་དེ།དཔལ་ཡོན་གྱི་ཡུལ་སྐོར་དང་ཁྲིམས་ལུགས་ལ་བརྟེན་ནས་གནས་རི་སྐོར་མཇལ་བྱེད་པ་མངོན་འགྱུར་བྱུང་བ་དང་།གྲུབ་འབྲས་འདིར་དམིགས་ནས།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐའ་སྐོར་བོད་ཁུལ་གྱིས་གནང་བའི་རོགས་སྐྱོར་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཞེས་བསྟན།

ཆི་ཅན་ཞིན་གྱིས་བདེ་ཆེན་དང་ ཁུལ་(གྲོང་ཁྱེར)གསུམ་ནི་ཁམས་པའི་ས་ཁུལ་དུ་གཏོགས་ཏེ།རི་ཆུ་འབྲེལ་བ་དང་མི་རིགས་འདྲ་བ།སྐད་ཆ་གཅིག་པ།རིག་གནས་དང་དམངས་སྲོལ་འདྲ་ཞིང་། ཡུལ་སྐོར་མཉམ་ལས་ཀྱི་ཐད་ལ་མངོན་མེད་ནུས་ཤུགས་ཡག་པོ་ལྡན་པ་དང་།བརྟན་བརླིང་། འཕེལ་རྒྱས།དམངས་འཚོ་བཅས་ལ་དམ་འཛིན་བྱེད་རྒྱུ་ནི་བོད་ཁུལ་གྱི་ཁུལ་དང་གྲོང་ཁྱེར་སོ་སོའི་འགན་འཁྲི་ཞིག་ཡིན་པ་དང་།དམིགས་བསལ་དུ་ཀྲུང་དབྱང་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་རྗེས།ཁུལ་དང་གྲོང་ཁྱེར་སོ་སོས་བོད་ཁུལ་ཡོངས་ལ་མཉམ་དུ་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད་ཅེས་ནན་བཤད་བྱས་པ་དང་།ད་ཕྱིན་དུ་མཐའ་སྐོར་གྱི་ཁུལ་དང་གྲོང་ཁྱེར་གྱིས་རྒྱུན་མཐུན་ངང་རང་ཁུལ་དང་མཉམ་ལས་བྱས་ནས།ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་མཉམ་དུ་སེམས་ཀྱི་ཉི་ཟླ་ཆེན་པོའི་ཡུལ་སྐོར་གྱི་རིག་གནས་སྤུས་རྟགས་འཛུགས་པ།མཉམ་དུ་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་གསོ་སྐྱོང་བྱེད་པ།མཉམ་དུ་བདེ་སྡོད་ལས་བརྩོན་དང་འགན་སྲུང་ནུས་ལྡན།ཁྱིམ་གཞིས་མཛེས་པ།མི་རིགས་མཐུན་སྒྲིལ།དཔལ་ཡོན་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ཁུལ་གསར་པ་འཛུགས་ཏེ།སྔར་ལས་ལྷག་པར་ཁམས་པའི་ས་ཁུལ་གྱི་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས་པའི་རེ་བ་བཏོན།

ཁུལ་(གྲོང་ཁྱེར)གསུམ་གྱི་འབྲེལ་ཡོད་འགན་འཁུར་བ་དང་ལས་བྱེད་མི་སྣས་རྒྱུན་མཐུད་ཀྱིས་མཉམ་ལས་བྱེད་རྒྱུའི་སྐོར་ལ་རྗེས་རེས་བྱས།

ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་ལུའི་པིང་དང་།ཡུལ་ཤུལ་ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཁྲིན་ཡུང་ཞང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲིན་ཅུན་མིང་།ཁུལ་དཔོན་གཞོན་པ་ཧོ་ཀྲེན་ཏུང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའོ་ཁྲུང་ཞན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་འཇོལ་རྫོང་སྲིད་གཞུང་།ཡུལ་ཤུག་ཁུལ།ཆབ་མདོ་གྲོང་ཁྱེར།དཀར་མཛེས་ཁུལ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།