ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་གསར་འགོད་པས་སློབ་གསོ་པུས་འཚོགས་པའི《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད(2010—2020ལོ)》ལག་བསྟར་བྱས་ནས་ལོ་5འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་རྒྱལ་གྱི་དམིགས་བསལ་སློབ་གསོར་མ་དངུལ་གཏོང་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་སློབ་གཉེར་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཏེ་འཕེལ་རྒྱས་མྱུར་པོ་བྱུང་ཡོད་པ་རེད།

ཀྲུང་གོའི་དམིགས་བསལ་སློབ་གསོའི་ཆེད་དོན་དཔྱད་དཔོག་ཚོགས་ཆུང་གི་ཙུའུ་ཀྲང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་ཁྲེན་ཁའེ་ཡིས《དམིགས་བསལ་སློབ་གསོའི་ཆེད་དོན་དཔྱད་དཔོག་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། ཁྲེན་ཁའེ་ཡིས་ངོ་སྤྲོད་བྱས་དོན། 2014ལོའི་ལོ་མཇུག་བར་རྒྱལ་ཡོངས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ2000ཟིན་པའི་ནང2009—2014བར328འཕར་ནས་སྤྱིར་ན་མི་འབོར་ཁྲི་30ཡན་ཟིན་པ་དང་དབང་པོ་སྐྱོན་ཅན་བྱིས་པ་ཅུང་མང་བའི་རྫོང་ཚང་མར་རང་རྐྱ་འཕེར་བའི་ངང་བཙུགས་པའི་དམིགས་བསལ་སློབ་གསོའི་སློབ་གྲྭ་1ཡོད་པའི་དམིགས་ཚད་གྲུབ་ཡོད། 2014ལོའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་ལོ་རེར་སློབ་མ་རེར་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་སྒོར4000ཟིན་ཡོད་པ་དང་། སྔོན་དཔག་ལྟར་ན2016ལོར་སྒོར6000ལས་མི་དམའ་བ་ཟིན་རྒྱུ་ཡིན་ལ་དེ་ནི་སློབ་གྲྭ་དཀྱུས་མའི་ལྡབ6ནས8བར་ཡིན། འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་དང་། དམིགས་བསལ་སློབ་གསོའི་འཛིན་གྲྭ། སློབ་གསོ་སྒོ་འགྲམ་དུ་སྤེལ་བ་བཅས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མར་ཡང་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་རིམ་གྱིས་ཚད་གཞི་གཅིག་མཚུངས་དོན་འཁྱོལ་བྱ་རྒྱུ་རེད།

དོ་ཁུར་བྱེད་ཚད་ཅུང་ཆེ་བའི་དབང་པོ་སྐྱོན་ཅན་སློབ་ཆེན་འགྲིམ་པའི་གནད་དོན་ལ་དམིགས་ནས། ཀྲུང་གོའི་མཐོ་རིམ་སློབ་གསོ་ལྷན་ཚོགས་ཀྱི་དམིགས་བསལ་སློབ་གསོའི་ཡན་ལག་ཚོགས་པའི་ལས་འཛིན་དཔོན་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥང་ཅུན་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2014ལོར་རྒྱལ་ཡོངས་སུ་དབང་པོ་སྐྱོན་ཅན་སློབ་ཆེན་སློབ་མ་ཁྱོན9542བསྡུ་རྒྱུའི་ནང་དབང་པོ་སྐྱོན་ཅན་སློབ་མ7864མཐོ་རིམ་སློབ་གླིང་དཀྱུས་མས་བསྡུས་པ་དང་། དབང་པོ་སྐྱོན་ཅན་སློབ་མ་1678དམིགས་བསལ་སློབ་གསོའི་སློབ་གླིང་དུ་བསྐྱོད་ནས་སློབ་སྦྱོང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ལོང་བ་རྒྱུགས་སྤྲོད་སློབ་མར་ལོང་ཡིག་རྒྱུགས་ཤོག་མཁོ་འདོན་དང་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་ནང་དབང་པོ་སྐྱོན་ཅན་སློབ་མ་རྐྱང་པར་རྒྱུགས་ལེན་དང་བསྡུ་ལེན་བྱ་ཆེད། ཀྲུང་གོའི་སློབ་གསོ་པུའུ་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ《དབང་པོ་སྐྱོན་ཅན་རྣམས་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་ནང་ཞུགས་རྒྱུའི་དོ་དམ་གཏན་འབེབས(གནས་སྐབས་ལག་བསྟར)》སོགས་སྲིད་ཇུས་བཏོན་ནས་དབང་པོ་སྐྱོན་ཅན་གྱིས་མཐོ་རིམ་སློབ་གསོ་མྱོང་བའི་ཁེ་དབང་ལ་སྔར་བས་འགན་ལེན་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།