ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡུལ་སྐོར་དང་འབྲེལ་ཡོད་ཁེ་ལས་ཀྱིས་བྱ་ཐབས་སྣ་6སྤྱད་ནས་ཡུལ་སྐོར་ལས་རིགས་ཀྱི་ད་དགུན་སང་དཔྱིད་ཀྱི་ནགས་ཚལ་མེ་འགོག་ལས་ཀ་ཡག་པོ་སྒྲུབ་པ་རེད།

དུས་ཚོད་ཀྱི་སྔོན་དུ་བཀོད་སྒྲིག་བྱེད་པ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། དགུན་ཁར་སླེབས་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡུལ་སྐོར་དང་འབྲེལ་ཡོད་ཁེ་ལས་ཀྱིས་དུས་ཚོད་ཀྱི་སྔོན་དུ་འཆར་གཞི་བཀོད་ནས་ནགས་ཚལ་གྱི་མེ་འགོག་ལས་ཀར་ཆེད་དམིགས་ཀྱི་བཀོད་སྒྲིག་བྱེད་དགོས་པ་དང་། ཡུལ་སྐོར་གྱི་འབྲེལ་ཡོད་ཁེ་ལས་ཡོངས་ཀྱིས་དོན་དངོས་ལ་གཞིགས་ནས་དྲིལ་བསྒྲགས་ཇུས་གཞི་གཏན་འབེབས་བྱས་ནས། གཏིང་ཟབ་ཀྱིས་མེ་འགོག་གི་དྲིལ་བསྒྲགས་དང་སློབ་གསོ་བྱེད་དགོས་པའི་བླང་བྱ་བཏོན་པ།

འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས།འགན་ལེན་དོན་འཁྱོལ་བྱས་པ། ཡུལ་སྐོར་དང་འབྲེལ་ཡོད་ཁེ་ལས་ཀྱིས་ནགས་ཚལ་གྱི་མེ་འགོག་ལས་ཀ་དེ་མིག་སྔར་གྱི་ལས་ཀ་གཙོ་བོར་རྩིས་ནས་དམ་འཛིན་བྱེད་པ་དང་། འགོ་ཁྲིད་གཙོ་བོས་བཀོད་སྒྲིག་བྱེད་པ་དང་ཡན་ལག་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་དངོས་གཞིར་དམ་འཛིན་བྱེད་པ། ཡུལ་སྐོར་གཙོ་གཉེར་སྡེ་ཁག་གིས་ཁེ་ལས་སོ་སོ་དང་འགན་འཁྲིའི་ཆིངས་ཡིག་འཇོག་སྟེ། ནན་ཏན་གྱིས་འགན་ལེན་དོན་འཁྱོལ་བྱས་པ།

མེ་ཁུངས་ཀྱི་དོ་དམ་ལ་དམ་འཛིན་བྱེད་པ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཉུང་དུ་གཏོང་བ། ཡུལ་སྐོར་དང་འབྲེལ་ཡོད་ཁེ་ལས་ཀྱིས་ནན་ཏན་གྱིས་“བཀག་སྡོམ་ཁག་ལྔའི་”ཚད་ལྡན་ལག་བསྟར་བྱེད་པ་དང་ནན་ཏན་གྱིས་མེ་ཁུངས་དོ་དམ་ལ་དམ་འཛིན་བྱེད་ཅིང་། སྔར་ལས་ལྷག་པར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཀྱི་དོ་དམ་དང་སྲུང་སྐྱོང་ལས་ཀར་ཤུགས་སྣོན་བྱས་པ།

འགོག་ཟོན་རྣམ་པ་རྒྱུན་འཁྱོངས་བྱས་ནས།མཁོ་བསྟུན་གྲ་སྒྲིག་ཡག་པོ་བྱས་པ། ཡུལ་སྐོར་དང་འབྲེལ་ཡོད་ཁེ་ལས་ཀྱིས་མེ་གསོད་རུ་ཁག་བཙུགས་ནས་ལམ་ལུགས་ཀྱི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བའི་དུས་མཚུངས་སུ། མེ་སྐྱོན་བྱུང་སླ་བའི་དུས་སྐབས་སུ་འགོག་ཟོན་རྣམ་པ་རྒྱུན་འཁྱོངས་བྱས་པ།

ལས་རེས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་དུ་མེ་སྐྱོན་ཐག་གཅོད་བྱས་པ། འགོ་ཁྲིད་ཀྱིས་དུས་ཚོད་24སྣེ་ཁྲིད་ལས་རེས་བྱེད་པའི་ལམ་ལུགས་ལག་ལེན་ནན་ཏན་བྱས་ནས་དུས་བསྟུན་དུ་1∕3 ཡན་གྱི་མི་སྣ་མེ་འགོག་གི་ལས་གནས་སུ་ཡོད་པར་ཁག་ཐེག་བྱས་པ། མེ་སྐྱོན་བྱུང་བར་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་གསོད་པར་སྒྲིག་འཛུགས་བྱེད་པ་དང་ཡང་དག་པའི་ངང་གོང་རིམ་གྱི་གཙོ་སྒྲུབ་སྡེ་ཁག་ལ་སྙན་སེང་ཞུས་པ།

ནགས་ཚལ་མེ་སྐྱོན་གྱི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལུགས་ཁྲིགས་སྲོལ་གྱི་འགན་ལེན་དོན་འཁྱོལ་བྱས་པ། མེ་སྐྱོན་བྱུང་རྗེས་ལས་ཁུངས་སོ་སོས་ཧུར་ཐག་གིས་འབྲེལ་ཡོད་སྡེ་ཁག་གིས་བརྟག་དཔྱད་བྱེད་པར་མཉམ་ལས་བྱེད་པ་དང་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་མཁོ་སྤྲོད་བྱེད་རྒྱུའི་བླང་བྱ་བཏོན་པ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།