ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་རྩ་འཛུགས་བྱེད་པའི་མཛེས་ཞིང་སྡུག་པའི་ཡུན་ནན་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་བྱེད་སྒོ་ལོན་ཏོན་གྱི་དུས་ཚོད་ཟླ11པའི་ཚེས་29ཉིན་གྱི་ཕྱི་དྲོར་དབྱིན་ཇིའི་ལོན་ཏོན་སུའེ་ཕེན་ཁང་ཆེན་གྱི་སེམས་ཀྱི་ཉི་ཟླ་མགྲོན་ཁང་དུ་སྤེལ་བ། ཐེངས་འདིའི་བྱེད་སྒོའི་ཡུན་ཚད་ནི་གཟའ་འཁོར་གཅིག་ཡིན་ལ། ནང་དོན་གཙོ་བོ་པར་རིས་འགྲེམ་སྟོན་དང་གཏམ་རྒྱུད་འདུ་ཚོགས། བོད་ལུགས་སྨན་རིགས་རིག་གནས། མཇལ་ཞུ་བརྗེ་རེས་དང་ཡུལ་སྐོར་སྐུལ་འདེད་དང་ངོ་སྤྲོད་དང་། རིག་རྩལ་འཁྲབ་སྟོན་སོགས་ཡོད།

ཡུན་ནན་ཞིང་ཆེན་འཐུས་མི་ཚོགས་པའི་ཚོགས་གཙོ། ཞིང་ཨུ་དྲིལ་བསྒྲགས་པུའུ་ཡི་སྐོར་གཟིགས་བ་གཞོན་པ་ཝུའུ་ཅིང་པོས་འགོ་ཚོགས་མཛད་སྒོའི་ཐོག་ཏུ་ཤིས་ཚིག་ཞུ་སྐབས། ཀྲུང་གོའི་ཡུན་ནན་དང་དབྱིན་ཇིའི་བར་འབྲེལ་ལམ་བྲལ་ཐབས་མེད་པ་ཡོད། ལོ་ངོ་80ཡི་སྔོན་ལ་དབྱིན་ཇིའི་རྩོམ་པ་པོ་ཀྲན་མུའུ་སི་ཞི་ཨེར་ཏུན་གྱི་སྒྲུང་དེབ་《ཡལ་བའི་ས་གཞིའི་མུ་མཐའ》ཞེས་པ་ཡིས་མི་རྣམས་ལ་ཞི་བདེའི་སྤང་ལྗོངས་དང་མི་ཡུལ་གྱི་ལྷ་གནས། འཇིག་རྟེན་དང་བྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་སེམས་ཀྱི་ཉི་ཟླ་མཚོན་ཡོད། དུས་རབས་ཕྱེད་ལྷག་གི་བཙལ་འཚོལ་བརྒྱུད་ནས་མི་རྣམས་ཀྱིས་མིག་ལམ་ཡུན་ནན་དང་སི་ཁྲོན། བོད་ལྗོངས་སོགས་ཞིང་ཆེན་དང་ཁུལ་གསུམ་གྱི་སྣེ་མཚམས་བདེ་ཆེན་མཐོ་སྒང་དུ་འདུས་པ་རེད། ལོ་ངོ་80ཡི་རྗེས་སུ་སེམས་ཀྱི་ཉི་ཟླ་ནས་ཡོང་བའི་མི་རིགས་སོ་སོའི་སྒྱུ་རྩལ་བ་དག་གིས་ལོན་ཏོན་དུ་སླེབས་ནས། སྐུ་ཞབས་ཀྲན་མུའུ་སི་ཞི་ཨེར་ཏུན་གྱི་ཕ་ཡུལ་ལ་དཀར་གཙང་གི་ཁ་བཏགས་དང་ཡིད་འོང་ཉམས་དགའི་ཞབས་བྲོ། རང་བྱུང་ཁམས་ཀྱི་སྐད་སྒྲ་ལྟར་གྱི་གླུ་དབྱངས་བསྐྱལ་ཡོད། མཛེས་ཞིང་སྡུག་པའི་ཡུན་ནན་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་བྱེད་སྒོ་ལ་བརྟེན་ནས་གོམ་གང་མདུན་སྤོས་ཀྱིས་ཀྲུང་གོ་དང་དབྱིན་ཇིའི་མི་དམངས་བར་གྱི་ཕན་ཚུན་ཤེས་རྟོགས་དང་མཐུན་འབྲེལ་ཇེ་བཟང་དུ་འགྲོ་ཐུབ་རྒྱུ་ཡིན་པ་དང་། རིག་གནས་ཀྱི་མཛེས་སྡུག་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཐུན་འབྲེལ་གྱི་ལེ་ཚན་གསར་པ་ཞིག་འབྲི་རྒྱུ་རེད་ཅེས་ཟེར།

ཉིན་དེའི་སྨྱན་བྱད་མཚམས་སྦྱོར་དང་གཏམ་རྒྱུད་འདུ་ཚོགས་ཐོག འཐུས་མི་ཚོགས་པ་དང་BBCདང་ CCTV དབྱིན་ཇིའི་SKYབརྙན་འཕྲིན་ཁང་དང་། ཀྲུང་གོའི་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ཁང་ལ་སོགས་པའི་ཀྲུང་གོ་དང་དབྱིན་ཇིའི་སྨྱན་བྱད་གཙོ་བོས་པར་རིས་འགྲེམ་སྟོན་དང་གཏམ་རྒྱུད་འདུ་ཚོགས། ཡུལ་སྐོར་སྐུལ་འདེད་དང་ངོ་སྤྲོད་སོགས་རྣམ་པ་སྣ་མང་གིས་ཡོངས་ཁྱབ་ཀྱི་བརྗེ་རེས་བྱས་ཡོད་དེ། རྒྱ་ཆེ་བའི་སྨྱན་བྱད་དང་ལོན་ཏོན་གྱི་ལས་རིགས་ཁག་གི་མི་སྣར་ལྟ་ཕྱོགས་སྣང་མང་གི་ཐོག་ནས་དཔལ་འབྱོར་དར་འཕེལ་དང་། སྤྱི་ཚོགས་གཏན་འཇགས། རིག་གནས་ཕུན་སུམ་ཚོགས་པ་དང་། སྐྱེ་ཁམས་དོ་སྙོམས་ཀྱི་ཀྲུང་གོ་སྟོན་པ་དང་། སྒོ་འབྱེད་དང་འབྱོར་ཕྱུག དཔལ་ཡོན་དར་བ་དང་བདེ་སྐྱིད་ཀྱི་ཡུན་ནན་དང་། དར་རྒྱས་དང་གོང་འཕེལ། འཆམ་མཐུན་དང་བདེ་འཇགས་ཀྱི་སེམས་ཀྱི་ཉི་ཟླ་སྟོན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།