ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཁུན་མིང་ལྕགས་ལམ་ཅུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཚའེ་ཁྲུན་གྱིས་གསེར་མདོག་གི་སྐུད་ལམ་ཞེས་པའི་ལེ་ཚན་ནང་“སྔོན་རྩིས་བྱས་ན་ཕལ་ཆེར་2020ལོར། ཁུན་མིང་དང་ཏ་ལི། ས་དམ་དང་སེམས་ཀྱི་ཉི་ཟླའི་འགྲོ་ལམ་ཧྲིལ་པོར་ལྕགས་ལམ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་རྒྱུ་ཡིན་པ་དང་། སྐབས་དེར་མེ་འཁོར་བསྡད་ནས་སེམས་ཀྱི་ཉི་ཟླར་འགྲོ་ཆོག་པ་རེད”ཅེས་བཤད་པ་རེད།
ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་2014ལོར་འཛུགས་སྐྲུན་གྱི་འགོ་ཚུགས་པ་ཡིན་ལ། ལྷོ་ཕྱོགས་ཀྱི་ཏ་ལིའི་ལྕགས་ལམ་གྱི་ས་དམ་ལྷོ་ཕྱོགས་འབབ་ཚུགས་ནས་འགོ་ཚུགས་པ་དང་། བྱང་ཕྱོགས་སུ་འབྲི་ཆུ་ལས་བརྒལ་ཏེ། ཡང་ཐང་བརྒྱུད་ནས་སེམས་ཀྱི་ཉི་ཟླར་སླེབས་པ་རེད། ལྕགས་ལམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་139.666ཡོད་ལ། བདེ་ཆེན་ནང་ཁུལ་དུ་སྤྱི་ལེ་89ཡོད། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ནི་73% ཟིན། རིམ་པ་དང་པོའི་གཅིག་ལམ་ལྕགས་ལམ་ཡིན་ལ། འཛུགས་སྐྲུན་གྱི་ལས་ཡུན་ནི་ལོ་6ཡིན་པ་རེད། མེ་འཁོར་གཏོང་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་120ཇུས་འགོད་བྱས་ཡོད། ལམ་ཐིག་གིས་ས་དམ་ལྕགས་ལམ་ལ་སྣེ་མཐུད་བྱེད་རྒྱུ་ཡིན་པ་མ་ཟད། ལྕགས་ལམ་དེ་བརྒྱུད་ནས་ཀོང་ཐུང་ནས་ཏ་ལི་བར་གྱི་ལྕགས་ལམ་དང་ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་ལ་མཐུད་པས། རང་རྒྱལ་གྱི་དུས་ཡུན་རིང་བ་དང་འབྲིང་བའི་ལྕགས་ལམ་དྲ་བའི་འཆར་གཞི་ཁྲོད་ཀྱི་ནུབ་ཕྱོགས་ལམ་དྲའི་གྲུབ་ཆ་ གལ་ཆེན་ཞིག་ཡིན་པ་རེད།
ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་རང་ཁུལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི“བདེ་སྐྱིད་ཀྱི་ལམ་བུ”ཡིན་ལ། ལྕགས་ལམ་འཛུགས་སྐྲུན་གྱིས་བདེ་ཆེན་གྱི་འགྲིམ་འགྲུལ་ཆ་རྐྱེན་དང་མ་རྩ་འཇོག་པའི་ཁོར་ཡུག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་འགྱུར་ལྡོག་གཏོང་བར་གལ་ཆེའི་དོན་སྙིང་ལྡན་ཡོད་པ་རེད། མིག་སྔར། ལྕགས་ལམ་གྱི་ཚན་པ་ཁག་གི་འཛུགས་སྐྲུན་བྲེལ་མྱུར་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ལཱ་པ་ཉི་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཅི་ལུང་ཕོར་ཐོན་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།
ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་འཆར་གཞི》ཞེས་པ་དཔར་ནས་བཀྲམས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་མཚོ་བྱང་སོགས་སུ་སོང་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།
- རང་ལྗོངས་ཀྱི་སྨན་བཅོས་ཚན་པས་གཞི་རིམ་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།
- བོད་སྐྱོང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པའི་རུ་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།
- སློབ་གསོ་ཚན་རྩལ་རིག་གནས་བཅས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བསམ་ཕྱོགས་ཞིབ་འཇུག་བཀོད་སྒྲིག་བྱས་པ།
- མ་ཁཱ་འདེབས་འཛུགས་ལས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོད་པ།
- ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཚན་པས་གློག་སྒུལ་སྦག་སྦག་གི་ཟང་ཟིང་སྣང་ཚུལ་ལ་བཅོས་སྒྲིག་བྱས་པ།
- 2020ལོར་མེ་འཁོར་བསྡད་ནས་སེམས་ཀྱི་ཉི་ཟླར་འགྲོ་ཆོག