ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའི་དྲིལ་སྒྲིག་པུའུ་ཡིས་ཁུལ་དང་རྫོང་རིམ་པའི་དཔལ་ཡོན་ལས་ཁུངས་དང་སྡེ་བ། དགོན་སྡེ་བཅས་ལ་གཟེངས་བསྟོད་བྱས།

རྫོང་འདིས《ཀྲུང་གུང་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་སྐོར་བཅུ་གཅིག་པའི་དཔལ་ཡོན་ལས་ཁུངས་སོགས་ལ་གཟེངས་བསྟོད་བྱེད་པའི་ཆོད་དོན》དང《ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་དང་སེམས་ཀྱི་ཉི་ཟླ་རྫོང་མི་རིགས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་སྐོར་བཞི་བའི་རྫོང་རིམ་པའི་དཔལ་ཡོན་ལས་ཁུངས་དང་དཔལ་ཡོན་སྡེ་བ། སྐོར་གཉིས་པའི་དཔལ་ཡོན་གཞིས་ཁུལ་དང་སྐོར་དང་པོའི་དཔལ་ཡོན་དགོན་སྡེ་མཚན་སྙན་གནང་བའི་བརྡ་ཐོ》ལྟར།  སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་སོགས་ལས་ཁུངས14ལ་བདེ་ཆེན་ཁུལ་གྱི་སྐོར་བཅུ་གཅིག་པའི་དཔལ་ཡོན་ལས་ཁུངས་དང་། སྟག་མཆོང་གྲོག་རོང་གྲོང་རྡལ་ཡུན་ཧྲིན་སྡེ་བའི་ཨུ་ཡོན་ལྷན་ཁང་སོགས་སྡེ་བ18ལ་བདེ་ཆེན་ཁུལ་གྱི་སྐོར་བདུན་པའི་དཔལ་ཡོན་སྡེ་བ།  དགའ་ལྡན་སུམ་རྩེན་གླིང་དགོན་པར་བདེ་ཆེན་ཁུལ་གྱི་སྐོར་དང་པོའི་དཔལ་ཡོན་དགོན་སྡེ། སེམས་ཀྱི་ཉི་ཟླ་རྫོང་གི་དུད་ཁྱིམ22ལ་བདེ་ཆེན་ཁུལ་གྱི་སྐར་མ་བཅུའི་རིམ་པའི་དཔལ་ཡོན་དུད་ཁྱིམ་བཅས་མཚན་སྙན་གནང་།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།