ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས15ཉིན་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྟག་མཆོང་གྲོག་རོང་གྲོང་རྡལ་གྱིས་ཁྲིམས་ལྟར་གྲོང་བརྡ་སྐྱོང་བའི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་དུས་མཚུངས་སུ། མེ་འགོག་ནགས་སྐྱོང་དང་འགྲིམ་འགྲུལ་བདེ་འཇགས། ཐོན་སྐྱེད་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་བསྒྱུར། གློག་འདྲེན་ལམ་ཐུག་གྱི་བདེ་འཇགས་གནད་དོན་ཞིབ་བཤེར་སོགས་བྱ་འགུལ་སྤེལ།

གྲོང་རྡལ་ཏང་ཨུ་སྲིད་གཞུང་གིས་བྱ་བའི་དོན་དངོས་ལྟར། སྟག་མཆོང་གྲོག་རོང་གྲོང་རྡལ་གྱི་ཁྲིམས་ལྟར་གྲོང་རྡལ་སྐྱོང་བའི་དྲིལ་བསྒྲགས་ཡིག་ཆ་བསྐྱར་དཔར་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་ཚན་ཆུང་དགུ་རུ་བགོས་པ་དང་། སྡེ་བ་སོ་སོའི་ལས་བྱེད་པ་ཚན་ཆུང་གི་འགོ་གཙོའི་འགན་ཁུར་ནས་སྡེ་བ་དགུ་རུ་ཁྲིམས་ལུགས་དྲིལ་བསྒྲགས་དང་བདེ་འཇགས་ཞིབ་བཤེར་བྱ་བ་སྒྲུབ་པ་མ་ཟད། ཞིང་བར་བཅའ་ཁྲིམས་དང་སྲིད་ཇུས་ཕྱོགས་ནས་འགྲེལ་བཤད་བྱས། དྲིལ་བསྒྲགས་བྱེད་པའི་ནང་དོན་ལ་ཏང་གི་སྐབས18པའི་ཏང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས4བ་དང་བདེ་ཆེན་ཁུལ་ཏང་ཨུའི་སྐབས18པའི་ཚང་འཛོམས་གྲོས་ཚོགས་ཐེངས7པ།《རྩ་ཁྲིམས》དང《སྡེ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅས་ཁྲིམས》《གཉེན་སྒྲིག་བཅའ་ཁྲིམས》《དམངས་དོན་གཏུག་བཤེར་བཅའ་ཁྲིམས》 དང《ཐོན་སྐྱེད་བདེ་འཇགས་བཅའ་ཁྲིམས》 《ཡུན་ནན་ཞིང་ཆེན་ནགས་ཚལ་མེ་འགོག་སྲོལ་ཡིག》 《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》སོགས་འདུས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།