ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས18ཉིན། རིག་གནས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་པེ་ཅིན་དུ་རྒྱལ་ཡོངས་རིག་གནས་སྡེ་ཁག་གི་སྔོན་ཐོན་ཐུན་མོང་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་ཁུངས། སྔོན་ཐོན་ལས་བྱེད་པ་དང་ངལ་རྩོལ་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱེད་པའི་བྱ་འགུལ་སྤེལ། དེའི་ཁྲོད་དུ་བདེ་ཆེན་ཁུལ་རིག་གནས་ཅུའུ་གྲས་སུ་ཚུད་ཡོད་པ་དང་ཐོག་དང་པོར་རྒྱལ་ཡོངས་རིག་གནས་སྡེ་ཁག་གི་སྔོན་ཐོན་ཐུན་མོང་ཞེས་པའི་མཚན་སྙན་ཐོབ།

ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་རིག་གནས་ཅུའུ་ཡིས་ཁྱོན་ཡོངས་ནས“རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་བྱེད་པའི”ཐབས་ཇུས་ལག་བསྟར་བྱས་པ་དང་།  དངོས་ཡོད་གནས་ཚུལ་གཞིར་བྱས་ནས་ཁྱད་ཆོས་འབུར་ཐོན་བྱེད་པ། སྤྱི་སྤྱོད་ཞབས་ཞུ་འཐུས་ཚང་དུ་གཏོང་བ། ཤུལ་བཞག་རིག་དངོས་སྲུང་སྐྱོང་བྱེད་པ། རིག་རྩལ་གསར་རྩོམ་དར་སྤེལ་བྱེད་པ་དང་རིག་གནས་བརྗེ་རེས་བྱེད་པ། རིག་གནས་ཐོན་ལས་དར་སྤེལ་བྱེད་པ། རིག་གནས་ཚོང་ར་ཚད་ལྡན་དུ་གཏོང་བ་སོགས་རྒྱལ་ཡོངས་བོད་ཁུལ་གྱི་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དུས་ཡུན་རིང་བའི་དེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་པར་དམིགས་འབེན་དུ་བཟུང་ནས།  ནུས་ཤུགས་ཡོད་ཚད་ཀྱིས་ཤམ་བྷ་ལ་དང་ཇ་རྟ་གནའ་ལམ།  གཙང་གསུམ་མཉམ་བཞུར་སོགས་མིང་རྟགས་གསུམ་གསར་སྐྲུན་བྱས་པ་བརྒྱུད། ཡུན་ནན་བོད་ཁུལ་གྱི་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བདེ་འཇགས། ཀྲུང་གོའི་ཕུགས་འདུན་སོགས་མངོན་འགྱུར་བྱེད་པར་འབད་པ་བྱེད་བཞིན་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།