ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི་ས་མིང་ཞིབ་བཤེར་སྤུས་ཚད་ལ་ཁག་ཐེག་བྱེད་ཆེད། ཉེ་ལམ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ས་མིང་ཞིབ་བཤེར་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་མ་ཟད། ཁོངས་མི་ལས་ཁུངས་ལ་ལས་ཀ་བགོས་ནས་ས་མིང་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གི་འགན་ཁུར་དང་སྤུས་ཚད་སོགས་གཏན་འབེབས་བྱས།

ཟླ12པའི་ཚེས23ཉིན། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི་ས་མིང་ཞིབ་བཤེར་ལག་སྟར་ཇུས་གཞི》འགྲེམ་སྤེལ་བྱས་པ་དང་།  ཇུས་གཞི་ལས་ཐེངས་འདིའི་ས་མིང་ཞིབ་བཤེར་རྩ་འཛུགས་ཀྱི་ལག་བསྟར་རྩ་དོན་དང་དམིགས་འབེན་ལས་འགན། ཞིབ་བཤེར་ཁྱབ་ཁོངས་དང་དུས་ཚོད་ཀྱི་བཀོད་སྒྲིག  ལག་བསྟར་བྱེད་ཐབས་དང་བྱ་བའི་བླང་བྱ་སོགས་ནང་དོན་གཏན་འབེབས་བྱས། རང་ཁུལ་གྱི་དངོས་ཡུལ་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སྔར་ལས་ལྷག་པར་ཞིབ་བཤེར་གྱི་ནང་དོན་ལག་བསྟར་བྱེད་པ་དང་རྒྱལ་ཁབ་ཀྱི་ས་མིང་གྲངས་མཛོད་ལ་ཕན་འབྲས་ལྡན་པའི་གཞི་གྲངས་འདོན་སྤྲོད་བྱེད་པ་སོགས་སྤྱི་ཚོགས་ཡོངས་ལ་ས་མིང་བརྡ་འཕྲིན་འདོན་སྤྲོད་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སྟབས་བདེ་བཟོ་བར་རྨང་གཞི་སྐྲུན་པ་དང་། སྲིད་འཛིན་དོ་དམ་དང་སྤྱི་ཚོགས་ཞབས་ཞུ་བྱ་བ་ལེགས་པོ་སྒྲུབ་པར་མཐུན་རྐྱེན་སྐྲུན།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།