མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བོད་མིའི་སྤྲོ་ཁྱིམ་དུ་གླུ་གར་གྱིས་ཁེངས་འདུག་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-30 17:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་ཀྱི་སེམས་ཀྱི་ཉི་ཟླ་རྫོང་ནི་གྲང་ངར་ཧ་ཅང་ཆེ།  ཡིན་ནའང་མཚན་མོའི་ཁྲོད་ཀྱི་བོད་མིའི་སྤྲོ་ཁྱིམ་ར་བ་ལས་དགའ་སྤྲོ་དགོད་སྒྲས་ཁེངས་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་མགྲོན་པོ་རྣམས་གནས་འདི་རུ་ནས་ཆང་སྔོན་མོ་འཐུང་བ་དང་ལུག་ཤ་ཟ་བ། དཀའ་ཟས་སོགས་བོད་མིའི་ཁྱད་ལྡན་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱོད་པའི་དུས་མཚུངས་སུ།  བདག་པོ་དང་ལྷན་དུ་གར་གྱི་སྟངས་སྟབས་བརྒྱུད་ནས་སྐོར་བྲོ་འཁྲབ་བ་དང་ནེ་ཞིའི་མཛའ་གླུ་ལེན་པ་སོགས་དུས་ཚོད་གཉིས་རིང་གི་གླུ་ལེན་གར་རྩེད་ཁྲོད་མགྲོན་པོ་ཚོའི་བོད་མི་རིགས་ཀྱི་ཁྱིམ་གཞི་དང་། ཁོ་ཚོའི་འཚོ་བ།  གླུ་གར་དང་ཟས་རིགས་སོགས་རོལ་མྱོང་བྱས་པ་རེད།  པར་རིས་སྟེང་སེམས་ཀྱི་ཉི་ཟླ་རྫོང་གི་བོད་མིའི་དུད་ཁྱིམ་བློ་བཟང་ཉི་མ་ཚང་ནས་གླུ་ལེན་གར་རྩེད་བྱེད་བཞིན་པའི་ཚུལ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག