མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-07 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྲིད་ཁྲིམས་ཅུའུ་ཡིས་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱེད་པ་དང་། ཁྲིམས་ལུགས་འདྲི་གཅོད་སྟེགས་བུ་འཛུགས་པ། འཁོར་སྤྱོད་དྲིལ་བསྒྲགས་རླངས་འཁོར་བཀོད་སྒྲིག་བྱེད་པ་སོགས་བྱེད་ཐབས་ལ་བརྟེན་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་སྤེལ།

བྱ་འགུལ་སྤེལ་སྐབས་བསྡོམས་པས་དྲིལ་བསྒྲགས་ཡིག་ཆ3700འགྲེམ་གཏོང་བྱེད་པ་དང་ཁྲིམས་ལུགས་དྲིལ་བསྒྲགས་ནག་པང20སྒྲིག་བཟོ་བྱེད་པ་སོགས་མི་ཐེངས3500ལ་སློབ་གསོ་ཐོབ་པ་དང་ཡུལ་དངོས་སུ་ཁྲིམས་ལུགས་ཐད་མི་ཐེངས200ལྷག་གིས་ཁྲིམས་ལུགས་འདྲི་གཅོད་བྱེད་པར་དང་ལེན་བྱས།

ཤེས་གསལ་བྱུང་བ་ལྟར་ན།  ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་ལེགས་པོ་སྤེལ་ཆེད། བདེ་ཆེན་རྫོང་སྲིད་ཁྲིམས་ཅུའུ་ཡིས་ཁྲིམས་ལུགས་དྲིལ་བསྒྲགས་ཚན་ཆུང་བཙུགས་ནས་ཟླ11པའི་ཚེས24ཉིན་ནས་བཟུང་དུས་ཡུན་ཉིན10རིང་ལ་ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་སྤེལ། །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག