ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཁུལ་རིག་གནས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2010ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་10ཡི་ཁྲོད་ཀྱི་1ལ་ཚུད་པ་རེད། ཉེ་བའི་ལོ་བཞི་ཡི་ནང་དུ། རང་ཁུལ་གྱིས་གོ་སྐབས་དམ་འཛིན་དང་ཧུར་བརྩོན་གྱིས་མི་རིགས་རིག་གནས་ལ་སྲུང་སྐྱོང་བྱས་ཏེ། རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2010ལོའི་ཟླ11པའི་ཚེས15ཉིན། རིག་གནས་པུའུ་ཡིས་“བདེ་ཆེན་མི་རིགས་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་”འཛུགས་པར་ཆོག་མཆན་གནང་བ་དང་། 2012ལོའི་ཟླ7པའི་ཚེས27ཉིན་དང་ཟླ11པའི་ཚེས2ཉིན་《བདེ་ཆེན་མི་རིགས་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་འགོད》དེ་ཞིང་ཆེན་རིམ་པའི་ཆེད་མཁས་ཚོ་ཆུང་དང་རིག་གནས་པུའུ་ཡི་ཆེད་མཁས་པའི་རིགས་སྒྲུབ་ཚོགས་འདུའི་ཐོག་ཞིབ་དཔྱད་ཐོབ་པ་རེད། 2013ལོའི་ཟླ2པའི་ཚེས་5ཉིན་《བདེ་ཆེན་མི་རིགས་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་འགོད་》དེ་རིག་གནས་པུའུ་ཡིས་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། རང་ཁུལ་མི་རིགས་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་སྲུང་སྐྱོང་ཁྱབ་ཁོངས་དང་སྲིད་འཛིན་ས་མཚམས་འབྱེད་པའི་ཁྱབ་ཁོངས་གཉིས་གཅིག་མཚུངས་ཡིན་ལ། འདིའི་ཁོངས་སུ་རྫོང་གསུམ་དང་ཆུས་གཅིག ཤང་གྲོང་29 གྲོང་མིའི་ཨུ་ལྷན་188 མི་རིགས་26བཅས་འདུས་ཡོད་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་23870ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།