
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས2ཉིན་ནི་“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཐེངས་གསུམ་པ་ཡིན།རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ་བསུ་བའི་ཆེད།ཚེས2ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་སེམས་ཀྱི་ཉི་ཟླ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན།སེམས་ཀྱི་ཉི་ཟླ་རྫོང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་བཅས་ཀྱིས་མཉམ་འབྲེལ་གྱིས་སེམས་ཀྱི་ཉི་ཟླ་རྫོང་གི་དཀྱིལ་འཁོར་ཐང་ཆེན་དུ་“122རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་”དྲིལ་བསྒྲགས་བྱེད་སྒོ་བསྡུ་བ་རེད།ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་ཡིས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་བདུན་ལ་བཀག་འགོག་བྱེད་པ་དང་།བདེ་འཇགས་དང་ཤེས་དཔལ་ལྡན་པའི་ངང་ཕྱི་རུ་ཐོན་པ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཡོད།
བྱེད་སྒོ་བསྡུ་བའི་ལས་ཡུལ་དངོས་སུ།འགྲིམ་འགྲུལ་ཉེན་རྟོག་པས་གྲོང་མི་ལ་དྲིལ་བསྒྲགས་དཔྱད་ཡིག་བཀྲམ་ནས།གྲོང་མི་ཚོས་ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ཤེས་སུ་འཇུག་པའི་དུས་མཚུངས་སུ།རྒྱ་ཆེའི་གྲོང་མིས་འགྲིམ་འགྲུལ་གྱི་སྲོལ་ངན་རིགས་བདུན་གྱི་ཉེན་ཁ་ཤེས་སུ་འཇུག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།རང་ཁུལ་གྱི་སྤྱི་བདེའི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་བསྡུ་བ་ལས་གཞན་ད་དུང་“འགྲིམ་འགྲུལ་གྱི་སྲོལ་ངན་རིགས་བདུན”གྱི་ཆེད་ཚན་སྒྲིག་བཅོས་བྱ་སྤྱོད་དང་“དང་བླངས་ཞབས་འདེགས་ལ་ང་རང་ཞུགས་རྒྱུ་ཡིན”ཞེས་པ་དང་“འགྲིམ་འགྲུལ་གྱི་ཁྲིམས་ལུགས་ངས་ཤེས”ཞེས་པ་སོགས་ཀྱི་རིམ་སྟར་བྱེད་སྒོ་བསྡུ་རྒྱུ་རེད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།