མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཀུན་སྤྱོད་འཆད་ཁྲིད་སློབ་གྲྭར་བསྐྱལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-12-06 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་བའི་ཆེད་དམིགས་བྱ་འགུལ་ལས་ཀའི་ཚོ་ཆུང་གིས་སེམས་ཀྱི་ཉི་ཟླ་རྫོང་གི་སློབ་འབྲིང་གཉིས་པར་ཀུན་སྤྱོད་སློབ་ཁང་གི་བྱེད་སྒོ་བསྡུ་བ་དང་།སློབ་གྲྭ་དེའི་དགེ་སློབ་250ལྷག་ཉིན་དེའི་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོ་དེ་དགེ་སློབ་ཡོངས་ནས་《སྤྱི་དམངས་ཀྱི་ཀུན་སྤྱོད་གླུ》ལེན་པའི་ཁྲོད་དུ་འགོ་ཚུགས་ཤིང་གླུ་སྒྲ་ཡིས་ལྷན་རྒྱས་ཀྱི་སེམས་ཁམས་ལ་སློབ་གསོ་ཐེབས་པ་རེད།གཏམ་རྒྱུད་བཤད་པའི་ལས་རིམ་ཐོག་སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་མ་རུའེ་པའོ་ལགས་ཀྱིས་《སྲི་ཞུའི་སེམས་པ་དེ་སྒུག་རྒྱུ་མེད་པ》ཞེས་པ་དེ་འཆད་པ་དང་།《མུའུ་ཙི●ལིའང་ཧུའེ་རྒྱལ་པོའི་སྟོད་ཆ》ཞེས་པའི་གསུང་རབ་ཁྲོད་ཀྱི་མིང་གྲགས་ལྡན་པའི་ཚིག་སྟེ་རང་ཉིད་ཀྱི་རྒན་རབས་དང་མི་གཞན་གྱི་རྒན་རབས་ལ་ཞབས་ཏོག་ཞུ་དགོས་པ་དང་།རང་ཉིད་ཀྱི་བྱིས་པ་དང་མི་གཞན་གྱི་བྱིས་པ་ལ་གསོ་སྐྱོང་བྱེད་དགོས་ཞེས་པ་སོགས་ཀློག་འདོན་བྱས་ནས་གནའ་མིའི་སེམས་ནང་གི་“སྲི་ཞུ”ཡི་མཚན་ཉིད་འགྲེལ་བཤད་བྱས།མཐའ་མར་སློབ་མ་རྣམས་ཀྱིས་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱེད་པར་ཐུགས་རྗེ་ཆེ་ཞུ་བ་དང་།ཕ་མས་གསོ་སྐྱོང་བྱེད་པར་ཐུགས་རྗེ་ཆེ་ཞུ་བ།དགེ་རྒན་གྱིས་དཀའ་ངལ་ཆེ་བའི་ངང་ནས་ཁྲིད་སྟོན་བྱེད་པར་ཐུགས་རྗེ་ཆེ་ཞུ་བ།ཞིང་པས་དཀའ་ངལ་ཆེ་བའི་ངང་ནས་ངལ་རྩོལ་བྱེད་པར་ཐུགས་རྗེ་ཆེ་ཞུ་བ།རྒྱ་ཆེའི་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

བྱེད་སྒོར་ཞུགས་པའི་སློབ་མས་ཀུན་སྤྱོད་འཆད་ཁྲིད་བྱེད་སྒོའི་རྣམ་པ་གསར་པ་ཡིན་ཞིང་ནང་དོན་ཕུན་སུམ་ཚོགས་པོ་ཡིན་ཏེ།ཀུན་སྤྱོད་ཀྱི་བྱང་ཚད་དང་ཤེས་དཔལ་གྱི་སྤུས་ཚད་མཐོ་རུ་གཏོང་ཐུབ་པས།དགེ་སློབ་ཡོངས་ལ་བསམ་པའི་སློབ་གསོ་གཏིང་ཟབ་ཅིག་ཐོབ་ཡོད་པ་རེད་ཅེས་བསྟན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག