མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་བདེ་ཆེན་གྱིས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཞིང་པ་ལས་མིའི་གླ་ཆ་འགན་ལེན་བྱས་པ།

  ཡོང་ཁུངས། མི་དམངས་དྲ་བ།  2014-11-29 11:17

    མི་དམངས་དྲ་བའི་འཕྲིན།ཉེ་ཆར་བདེ་ཆེན་ཀྲོའུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན།བདེ་ཆེན་ཁུལ་གྱིས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་སྤྲོད་པའི་བྱ་ཐབས་ལག་ལེན་བསྟར་ཚུན་རྒྱ་ཆེའི་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་ཐུབ་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཐོན་རྒྱུ་བཀག་འགོག་ནུས་ལྡན་ཐུབ་ཡོད།མིག་སྔར་བདེ་ཆེན་ཀྲོའུ་ཡི་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་འཇལ་རྒྱུ་དེ་བཟོ་སྐྲུན་དང་།འགྲིམ་འགྲུལ།འཕྲིན་གཏོང་།ཆུ་གློག་སོགས་ཁྱབ་ཁོངས་སུ་ཁྱབ་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན།འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲོའུ་དེ་ཡོངས་སུ་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་འཇལ་ཚད་སྒོར་ཁྲི་༣༩༩༦.༦༨༣༣ཟིན་པ་དེའི་ནང་ཀྲོའུ་རིམ་པའི་སྒོར་ཁྲི་༡༨༩༡.༨༨དང་།སེམས་ཀྱི་ཉི་ཟླ་རྫོང་གི་སྒོར་ཁྲི་༧༥༨.༩༤༦༣འབའ་ལུང་རྫོང་གི་སྒོར་ཁྲི་༧༢༠བདེ་ཆེན་རྫོང་གི་སྒོར་ཁྲི་༢༩༦.༠༥༧གསར་སྤེལ་ཁུལ་གྱི་སྒོར་ཁྲི་༣༢༩.༨བཅས་ཚུད་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག