མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གི་རྣམ་གྲངས་གྲ་སྒྲིག་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-11-27 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ《འབའ་ལུང་རྫོང་རྫོང་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》དེ་ཞིང་ཆེན་རིམ་པའི་ཆེད་མཁས་ཀྱི་རིགས་སྒྲུབ་བརྒྱུད་ནས་ཡུན་ནན་ཞིང་ཆེན་གྱི་ཐེངས་དང་པོའི“འཆར་འགོད་བཞི་གཅིག་ཏུ་བསྡུ་བའི”བླང་བྱ་གཞིར་བཟུང་ནས་སྒྲིག་པའི་འཕེལ་རྒྱས་ཕྱོགས་ཀྱི་འཆར་འགོད་ཅིག་ཡིན་པ་རེད།

འཆར་འགོད་ལེགས་པོ་ལ་རྣམ་གྲངས་ཀྱིས་འདེགས་སྐྱོར་བྱེད་དགོས།ཉེ་བའི་ལོ་འགའི་རིང་། འབའ་ལུང་རྫོང་གིས་རྣམ་གྲངས་གྲ་སྒྲིག་གི་ལས་ཀར་གལ་ཆེའི་གཙིགས་མཐོང་བྱེད་པ་དང་།འཕེལ་རྒྱས་དང་བཅོས་སྒྱུར་ཅུས་ཀྱིས་སྣེ་ཁྲིད་ཀྱི་ལས་ཁུངས་བྱས་ནས་རྫོང་ཡོངས་ཀྱི་སྡེ་ཁག་སོ་སོ་དང་།ཤང7དང་གྲོང་རྡལ3གྱིས་ལྷན་དུ་གཞོགས་འདེགས་བྱས་པ། ཤང་གྲོང་གིས་འགན་ནུས་ལས་ཁུངས་ལ་སྙན་ཞུ་བྱེད་པ་དང་།འགན་ནུས་ལས་ཁུངས་སོ་སོས་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་གཟབ་ནན་གྱིས་ཞིབ་བཤེར་བྱས་རྗེས་འཕེལ་རྒྱས་དང་བཅོས་སྒྱུར་ཅུས་སུ་སྙན་ཞུ་བྱས་པ།དེ་ནས་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་མཇུག་མཐར་རྣམ་གྲངས་བཀོད་སྒྲིག་ལས་ཁུངས་སུ་སྙན་ཞུ་བྱེད་པའི་བྱ་ཐབས་སྤྱད་ནས་ཁྱོན་བསྡོམས་གཞི་རྩའི་སྒྲིག་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་དང་།ཚོང་དང་མ་རྩ་འདྲེན་འགུག་རྣམ་གྲངས། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་བཅས་ཕྱོགས་གསུམ་ལ་ཁྱོན་བསྡོམས་རྣམ་གྲངས་ཆུང་བ་321དང་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་366ཟིན་པ་རེད།གཞི་རྩའི་སྒྲིག་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་ལ་རྣམ་གྲངས་225ཡོད་པ་དང་རྣམ་གྲངས་ཆེ་བ་རིགས8བགོས་ཡོད་དེ་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་311ཡིན་པ། འདིའི་ཁྲོད་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་གཞི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྒྲིག་གཞིའི་རྣམ་གྲངས32དང་།“ཞིང་གསུམ”དང་གལ་ཆེའི་ཆུ་བེད་སྒྲིག་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས50 མཐའ་མཚམས་དང་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་རྣམ་གྲངས18 འགྲིམ་འགྲུལ་སྐྱེལ་འདྲེན་དང་ནུས་ཁུངས་སོགས་གལ་ཆེའི་གཞི་རྩའི་སྒྲིག་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་16 སྤྱི་ཚོགས་ལས་དོན་དང་སྤྱི་ཚོགས་དོ་དམ་གྱི་རྣམ་གྲངས60 ནུས་སྲི་སྙིགས་འཕྲི་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་འཛུགས་སྐྲུན་བཅས་ཀྱི་རྣམ་གྲངས་30དང་། རང་བརྟེན་གསར་གཏོད་དང་སྒྲིག་གཞི་ལེགས་སྒྲིག་ཐད་ཀྱི་རྣམ་གྲངས9 རི་ཉིལ་དང་ས་འགུལ་རྗེས་ཀྱི་བསྐྱར་སྐྲུན། རྨོ་བསྐྱུར་ནགས་སྐྲུན་མཇུག་འབྲས་ཐད་ཀྱི་རྣམ་གྲངས་10བཅས་ཡོད་པ་རེད།ཚོང་དང་མ་རྩ་འདྲེན་འགུག་འཛུགས་སྐྲུན་རྣམ་གྲངས43ཡོད་པ་དང་སྤྱིའི་མ་རྩ་སྒོར་དུང་ཕྱུར55བཏོང་བ་རེད།འདིའི་ཁྲོད་དུ། ཐོན་ལས་དང་པོའི་རྣམ་གྲངས25དང་ཐོན་ལས་གཉིས་པའི་རྣམ་གྲངས་11 ཐོན་ལས་གསུམ་པའི་རྣམ་གྲངས་7བཅས་ཡོད་པ་རེད། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དེ་རྣམ་གྲངས་53དུ་ལེགས་སྒྲིག་བྱས་པ་དང་།འབའ་ལུང་རྫོང་ས་ཁོངས་བེད་སྤྱོད་སྤྱིའི་འཆར་འགོད་ཁྲོད་རྣམ་གྲངས་སུ་སྤྱོད་པའི་ས་ཁོངས་བཀོད་སྒྲིག་བྱས་ཚར་བ་རེད།

རྣམ་གྲངས་ཀྱི་གྲ་སྒྲིག་གིས་འབའ་ལུང་རྫོང་རྣམ་གྲངས་མཛོད་ཀྱི་རྣམ་གྲངས་མི་འདང་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད།འབའ་ལུང་རྫོང་གི་“ལོ་ལྔ་ཚན་བཅུ་གསུམ”གྱི་རྣམ་གྲངས་གྲ་སྒྲིག་གི་འཛུགས་སྐྲུན་ལའང་རྨང་གཞི་བརྟན་པོ་འདིང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག