མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གསར་སྤེལ་ཆུས་ཀྱིས་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལ་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-27 10:59

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས21ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གསར་སྤེལ་ཆུས་དོ་དམ་ཨུ་ལྷན་གྱིས་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་དང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ལས་མེ་འགོག་གི་ལས་ཀའི་བཀོད་སྒྲིག་ཚོགས་འདུ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན།གསར་སྤེལ་ཆུས་ཀྱིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་“དཔལ་འབྱོར་ཕྱོགས་བསྡུས་ལེགས་བཅོས་དང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན”གྱི་བླང་བྱ་གཞིར་བཟུང་།ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་གི་ལས་ཀའི་ཐད་ཁྱོན་བསྡོམས་ཁུལ་ཡོངས་སུ་ཁྱབ་པའི་འགྲིམ་འགྲུལ་དང་སྐྱེ་ཁམས་ཁོར་ཡུགགཞུང་ལམ་སྐྱེལ་འདྲེན་ཁོར་ཡུག གྲོང་ཁྱེར་སྐྱེད་ཚལ་ལྗང་འགྱུར། གྲོང་འཁྱེར་དོ་དམ། སྤྱི་ཚོགས་བདེ་སྐྱོང་སོགས་ཕྱོགས་12ཐད་ཀྱི་ཇུས་གཞི་འདོན་པ་རེད།ཁུལ་ཡོངས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་ནགས་ལས་མེ་འགོག་ལས་ཀའི་ཐད་ལ་འགན་འཁྲི་གཏན་འབེབས་དང་ལས་ཀའི་ཇུས་གཞི་གསལ་པོར་བྱས་པ་རེད།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་ལེགས་སྒྲིག་གི་འདུ་ཤེས་དང་ནུས་པ་མཐོར་འདེགས་གཏོང་དགོས་པ་དང་།བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་སྤྱིའི་བླང་བྱ་དང་གཅིག་གྱུར་བྱས་ནས།ནན་ཏན་གྱིས་ཕྱོགས་བསྡུས་ལེགས་སྒྲིག་གི་རྣམ་གྲངས་སོ་སོའི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ།ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་བྱས་པ་བརྒྱུད་གསར་སྤེལ་ཆུས་དེ་སྐྱེད་ཚལ་ཅན་གྱི་བདེ་སྡོད་གྲོང་རྡལ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།ད་ལོ་ནས་བཟུང་། ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀ་དེ་རྒྱུན་ལྡན་ཅན་དུ་བཏང་ནས་ཡུན་རིང་དམ་འཛིན་བྱེད་པར་རྒྱུན་འཁྱོངས་བྱེད་དགོས།ཁོར་ཡུག་ལེགས་སྒྲིག་ལ་ཧ་ཅང་གཟབ་པའི་ལྟ་སྐུལ་དང་ལེགས་བཅོས་བྱེད་ཐབས་ཡོད་དགོས་པ་མ་ཟད།ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། ངེས་པར་དུ་འབྲས་བུ་ལེགས་པོ་ལེན་དགོས་པ་དང་དོན་དངོས་ཀྱིས་གསར་སྤེལ་ཆུས་ཀྱི་སྡོད་དམངས་རྣམས་ལ་ཕན་ཁེ་ཐོབ་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག