མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་བསྡོམས་རྩིས་རིག་གཞུང་སློབ་ཚོགས་འཛུགས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-27 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་རྩིས་རིག་གཞུང་སློབ་ཚོགས་འཛུགས་པའི་ཚོགས་ཆེན་དང་ཐེངས་དང་པོའི་ཁོངས་མིའི་འཐུས་མི་ཚོགས་ཆེན་བསྡུས། གྲོས་ཚོགས་ལས《བདེ་ཆེན་ཁུལ་བསྡོམས་རྩིས་རིག་གཞུང་སློབ་ཚོགས་ཀྱི་སྒྲིག་ཡིག》དང《བདེ་ཆེན་ཁུལ་བསྡོམས་རྩིས་རིག་གཞུང་སློབ་ཚོགས་ཀྱི་བདམས་ཐོན་བྱ་ཐབས》བརྡས་ཐག་གཅོད་ཅིང་གྲོས་འཆམ་བྱུང་བ་མ་ཟད། བདེ་ཆེན་ཁུལ་བསྡོམས་རྩིས་རིག་གཞུང་ལྷན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་བདམས་ཐོན་བྱུང་བ་དང་། ད་དུང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་འདེམས་སྒྲུག་བྱས་ཏེ་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ་མིང་བཏོན་འདེམས་བསྐོ་བྱས་ཤིང་། རིག་གཞུང་སློབ་ཚོགས་ཀྱི་རྗེས་མའི་ལས་ཀ་བཀོད་སྒྲིག་བྱས།

ཤེས་གསལ་བྱུང་བ་ལྟར་ན། བདེ་ཆེན་ཁུལ་བསྡོམས་རྩིས་རིག་གཞུང་སློབ་ཚོགས་ནི་ཆེད་ལས་བསྡོམས་རྩིས་ཞིབ་འཇུག་ཚོ་ཆུང་དང་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་ཀྱི་ཁོངས་མི་དང་མི་སྒེར་གྱི་ཁོངས་མིས་སྒྲིག་འཛུགས་བྱེད་པའི་ཁུལ་ཡོངས་ཀྱི་བསྡོམས་རྩིས་ཚན་རིག་གི་མང་ཚོགས་རང་བཞིན་དང་རིག་གཞུང་རང་བཞིན།ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན། བསྡོམས་རྩིས་རིག་གཞུང་སློབ་ཚོགས་འཛུགས་པའི་གཞི་རྩའི་དམིགས་ཡུལ་ནི་མཐུན་སྒྲིལ་བྱེད་ཆོག་པའི་བསྡོམས་རྩིས་ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་ཚང་མ་མཐུན་སྒྲིལ་བྱེད་པ་དང་། གང་ཐུབ་ཀྱིས་རྒྱ་ཆེ་བའི་བསྡོམས་རྩིས་ཚན་རིག་ཞིབ་འཇུག་མི་སྣའི་ཧུར་ཐག་རང་བཞིན་ལ་སྐུལ་སློང་བྱེད་པ། འབད་བརྩོན་གྱིས་བསྡོམས་རྩིས་ནུས་ཤུགས་མཐོ་རུ་གཏོང་བ་དང་བསྡོམས་རྩིས་གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སྲིད་གཞུང་གི་བསྡོམས་རྩིས་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་སྟེ། བསྡོམས་རྩིས་བྱ་བཞག་མྱུར་པོའི་ངང་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བདེ་ཆེན་ཁུལ་བསྡོམས་རྩིས་རིག་གཞུང་གི་ལས་འགན་གཙོ་བོ་ནི་བདེ་ཆེན་ཁུལ་བསྡོམས་རྩིས་ཚན་རིག་གི་རིགས་པའི་གཞུང་ལུགས་དང་ལག་བསྟར་གྱི་གནད་དོན་གཙོ་བོར་གྱུར་བའི་ཚན་རིག་ཞིབ་འཇུག་བྱེད་སྒོ་བསྡུས་ཏེ། རྒྱལ་ཁབ་ཕྱི་ནང་གི་བསྡོམས་རྩིས་ཀྱི་རིགས་པའི་གཞུང་ལུགས་དང་བསྡོམས་རྩིས་བྱ་ཐབས་ཀྱི་ལམ་ལུགས་ཞིབ་འཇུག་བྱེད་པ། བསྡོམས་རྩིས་ལས་ཀའི་ཉམས་མྱོང་སྤེལ་རེས་བྱེད་པ། བདེ་ཆེན་ཁུལ་བསྡོམས་རྩིས་ཚན་རིག་གི་ཆུ་ཚད་མཐོ་རུ་གཏོང་བ། བདེ་ཆེན་ཁུལ་བསྡོམས་རྩིས་ཀྱི་བསྒྱུར་བཅོས་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བསྡོམས་རྩིས་བྱ་བཞག་གི་གོང་སྤེལ་ལ་སྐུལ་འདེད་གཏོང་བ། བདེ་ཆེན་བསྡོམས་རྩིས་ཀྱི་དེང་རབས་ཅན་གྱི་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བ་དང་། སྔར་ལས་ལྷག་པར་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་གོང་སྤེལ་ལ་ཞབས་འདེགས་ཞུ་བ་དེ་ཡིན།

བདེ་ཆེན་ཁུལ་བསྡོམས་རྩིས་རིག་གཞུང་སློབ་ཚོགས་བཙུགས་རྗེས། བསྡོམས་རྩིས་ནུས་ཤུགས་མཐོ་རུ་གཏོང་བ་དང་བསྡོམས་རྩིས་གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སྲིད་གཞུང་བསྡོམས་རྩིས་ཀྱི་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་བཅས་ལ་ཤུགས་སྣོན་རྒྱུ་ཡིན་པ་དང་། བསྡོམས་རྩིས་ཚན་རིག་གི་ཞིབ་འཇུག་ཆུ་ཚད་དང་རིག་གཞུང་ལྷན་ཚོགས་ལས་ཀ་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། བསྡོམས་རྩིས་ཞིབ་འཇུག་མི་སྣས་སྤྱི་ཚོགས་ཀྱི་སྣང་བརྙན་ལེགས་པོ་ཞིག་འཛུགས་པ་བཅས་ལ་ཤུགས་སྣོན་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག