མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཀྲུང་གོའི་ཚེ་སྲོག་ཉེན་བཅོལ་བདེ་ཆེན་ཁུལ་ཡན་ལག་ཀུང་ཟིས་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་ལ་བྱམས་སེམས་ཕུལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-27 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཀྲུང་གོའི་ཚེ་སྲོག་ཉེན་བཅོལ་བདེ་ཆེན་ཁུལ་ཡན་ལག་ཀུང་ཟིས་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་ལ་བྱམས་སེམས་ཕུལ་བ་དང་།  ཞལ་འདེབས་མ་དངུལ་སྒོར་ཁྲི10ཕུལ་བ་རེད།

ཞལ་འདེབས་མ་དངུལ་ཕུལ་བའི་མཛད་སྒོ་སྟེང་། ཀྲུང་གོའི་ཚེ་སྲོག་ཉེན་བཅོལ་བདེ་ཆེན་ཁུལ་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་ཀྲང་ཡས་ཧེས་བཤད་རྒྱུད། ས་གནས་ཞིག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་དགོས་ན་ཤེས་ལྡན་མི་སྣ་ལ་བརྟེན་དགོས་པ་དང་།  སློབ་གྲྭ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་གཤིན་ས་དྲོད་མོ་ཡིན་པས།  སྤྱི་ཚོགས་ལ་ཞལ་འདེབས་ཕུལ་བ་དང་སློབ་གྲྭར་ཞལ་འདེབས་ཕུལ་བ་ནི་ང་ཚོའི་ཁེ་ལས་དག་གི་འགན་འཁྲི་ཡིན།  རྗེས་མར་ཀུང་ཟིས་ད་དུང་ཞལ་འདེབས་མ་དངུལ་མང་པོ་བརྩོན་ལེན་བྱས་ཏེ་བདེ་ཆེན་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་ཡིན།

ཁུལ་མི་རིགས་སློབ་འབྲིང་གི་སློབ་གཙོ་ཧུ་ཅུས་ཧྥིས་ཀྲུང་གོའི་ཚེ་སྲོག་ཉེན་བཅོལ་ཀུང་ཟིས་ཕུལ་བའི་བྱམས་སེམས་རོགས་སྐྱོར་གྱིས་ང་ཚོར་དངོས་པོ་སྟེང་ནས་རོགས་སྐྱོར་ཐོབ་པ་མ་ཟད།  དེ་ལས་ལྷག་པར་བསམ་བློ་སྟེང་ནས་ང་ཚོར་སྐུལ་མ་བཏང་བ་རེད། སློབ་གྲྭས་ཞལ་འདེབས་མ་དངུལ་འདི་དག་བེད་སྤྱོད་ལེགས་པོ་བྱེད་རྒྱུ་ཡིན་པ་དང་།  མུ་མཐུད་དུ་སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱས་ནས་ཀྲུང་གོའི་ཚེ་སྲོག་ཉེན་བཅོལ་ཀུང་ཟི་ལ་བཀའ་དྲིན་ཞུ་རྒྱུ་ཡིན་ཟེར།

རྒྱུས་ལོན་པ་ལྟར་ན། 2014ལོ་ནས2015ལོ་བར། བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་ལ་ཀྲུང་གོའི་རྒྱན་ཤོག་སྤྱི་ཕན་ཐེབས་རྩ་་དང་ཞང་ཀང་། ཀྲའེ་ཅང་། ཧྲང་ཧེ་དང་ཅང་སའོ་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་བྱམས་སེམས་མི་སྣ་དང་ཁེ་ལས་ཀྱིས་ཞལ་འདེབས་ཐོབ་པ་དང་། སློབ་མ386ལ་རོགས་སྐྱོར་ཐོབ་པ་དང་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཁྲི617600འགྲེམ་གཏོང་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག