མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་གནས་སྐོར་ལས་རིགས་མཚམས་སྦྱོར་ཤུགས་ཆེན་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-27 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་གནས་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་གནས་བབ་ལ་བསྟུན་ནས། འཕེལ་རྒྱས་ཀྱི་བསམ་ཕྱོགས་བཅོས་བསྒྱུར་བྱེད་པ་དང་སྟེགས་བུ་སྣ་ཚོགས་ལ་བརྟེན་ཅི་ཐད་བྱས་པ་བརྒྱུད། ཕྱོགས་མང་པོ་རྣམ་པ་མང་པོའི་སྒོ་ནས་འབའ་ལུང་རྫོང་གི་གནས་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱས་པ་དང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས།

རྫོང་འདིའི་གནས་སྐོར་ཅུའུ་དང་ལོས་ཅང་བྱེས་བགྲོད་རླངས་འཁོར་སྤྲོ་སྐྱིད་ཁང་གཉིས་བར་མཉལ་འབྲེལ་གན་རྒྱ་བཞག་ནས། 《འབའ་ལུང་རྫོང་གི་གནས་སྐོར་ཁྱབ་གདལ་ཇུས་འགོད་དང་ཤར་དཀར་གངས་རིའི་ཉིན་བཞིའི་ལྗོངས་རྒྱུ་ཇུས་འགོད》བཏོན་པ་དང་། འཛམ་གླིང་གི་གནས་སྐོར་ལྗོངས་རྒྱུ་བྱེད་སའི་གནས་མཆོག་ལོས་ཅང་དུ་འབའ་ལུང་རྫོང་རིག་གནས་གནས་སྐོར་ལྗོངས་རྒྱུ་ལྟེ་གནས་འཛུགས་རྒྱུའི་འཆར་གཞི་ཡོད་ལ། ཁྱོན་ཡོངས་ནས་འབའ་ལུང་རྫོང་གི་གནས་སྐོར་ཐོན་ཁུངས་དྲིལ་བསྒྲགས་མཚམས་སྦྱོར་བྱེད་རྒྱུ་ཡིན་པ་དང་དུས་མཚུངས་སུ། གནས་སྐོར་ལམ་ཐིག་མཚམས་སྦྱོར་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་སྐུ་མགྲོན་དང་ཚོང་བ་གདན་ཞུ་བྱས། མིག་སྔར་ལོས་ཅང་གྲོང་ཁྱེར་གནའ་མཁར་ཁུལ་གནས་སྐོར་གསར་སྐྲུན་ཚད་ཡོད་ཀུང་ཟི་དང《ཤར་དཀར་གངས་རིའི་གནས་སྐོར་ལྗོངས་རྒྱུའི་མཉམ་ལས》གྲོས་མཐུན་གན་རྒྱ་བཞག་པ་དང་། བྱ་བ་སོ་སོ་བདེ་བླག་ངང་སྤེལ་བཞིན་ཡོད།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག