མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

《མི་རིགས་རྩོམ་རིག》བོད་ཡིག་པར་ངོས་མ་རྩོམ་བསྒྱུར་བཅོས་འཛིན་གྲྭ་བདེ་ཆེན་ཁུལ་བསྡུ་རྒྱུ་ཡིན་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-24 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 《མི་རིགས་རྩོམ་རིག》དུས་དེབ་ཁང་གི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། 《མི་རིགས་རྩོམ་རིག》དུས་དེབ་ཁང་གི་གཙོ་སྒྲུབ་བྱས་པ་དང་། བདེ་ཆེན་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི《མི་རིགས་རྩོམ་རིག》བོད་ཡིག་པར་ངོས་རྩོམ་པ་པོ་དང་ལོ་ཙྰ་བའི་མ་རྩོམ་བསྒྱུར་བཅོས་འཛིན་གྲྭ་ཟླ11པའི་ཚེས25ཉིན་ནས་ཚེས29ཉིན་བར་བདེ་ཆེན་ཁུལ་དུ་བསྡུ་རྒྱུ་རེད། སྐབས་དེར་རྩ་འཛུགས་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིགས་རྩོམ་པ་པོ་དང་ལོ་ཙྰ་བ། རྒྱལ་ཡོངས་ཀྱི་མཚན་སྙན་གྲགས་ཆེ་བའི་བོད་རིགས་རྩོམ་པ་པོ་སོགས་གདན་ཞུ་བྱས་ཏེ་མཉམ་གཅིག་ཏུ་བསམ་བློ་བརྗེ་རེས་དང་མ་རྩོམ་བསྒྱུར་བཅོས་བྱེད་རྒྱུ་ཡིན་པ་མ་ཟད། ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ་རྩོམ་རིག་གསར་རྩོམ་དང་ལོ་ཙྰ་ཕྱོགས་ནས་གསོ་སྦྱོང་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། 2009ལོར《མི་རིགས་རྩོམ་རིག》བོད་ཡིག་པར་སྐྲུན་བྱེད་འགོ་བརྩམས་པ་ནས་བཟུང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། སྔར་ལས་ལྷག་པར《མི་རིགས་རྩོམ་རིག》བོད་ཡིག་པར་ངོས་ལེགས་པོ་སྤེལ་བ་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་དང་ལོ་ཙྰ་བར་རྒྱབ་སྐྱོར་དང་གསོ་སྐྱོང་བྱེད་ཆེད།  《མི་རིགས་རྩོམ་རིག》དུས་དེབ་ཁང་གིས་རྒྱལ་ཡོངས་བོད་ཁུལ་དུ་ལོ་རེར་རྩོམ་པ་པོ་དང་ལོ་ཙྰ་བའི་མ་རྩོམ་བསྒྱུར་བཅོས་འཛིན་གྲྭ་ཐེངས་གཅིག་རེ་བསྡུ་བཞིན་ཡོད་པ་དང་། རྒྱལ་ཡོངས་བོད་ཁུལ་གྱི་བོད་ཡིག་རྩོམ་རིག་གསར་རྩོམ་དང་ལོ་ཙྰའི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག