མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-11-20 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན།ཡུན་ནན་ཞིང་ཆེན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་གྲོས་ཚོགས་འཚོགས་པ།རང་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བདེ་ཆེན་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ལྟ་ཉན་བྱས།

དབྱིན་པའེ་དང་ཧོང་ཀྲེང་ཧུང་།མ་ཝུན་ལུང་།ལིའུ་ཅ་ཞུན།ཆེ་ཅན་ཞིན།ཀྲའོ་ཧྭ།ལི་ཞུས་ཀོང་།དབྱང་ཀྲིང་དབྱི་སོགས་རང་ཁུལ་གྱི་འགོ་ཁྲིད་བདེ་ཆེན་ཡན་ལག་ཚོགས་རར་གྲོས་ཚོགས་ལ་ལྟ་ཉན་བྱས།

སྙན་ཞུའི་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཤེས་རྟོགས་གཏིང་ཟབ་བྱེད་རྒྱུ་བརྗོད་བྱ་གཙོ་བོ་འདིའི་ཐད་ལ།ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་གྲོས་མཐུན་བྱུང་བའི《ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་གལ་ཆེའི་གནད་དོན་འགའི་གཏན་འབེབས》ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་།ནང་གནས་ཀྱི་གཏན་ཚིགས་ལ་མ་ལག་ཚང་བའི་འགྲེལ་བཤད་བྱས།གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ང་ཚོའི་ཏང་གིས་ཐེངས་འདིར་འཚོགས་པའི་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་འཐབ་ལམ་ཐོག་གི་གལ་ཆེའི་ལམ་ཚད་རྡོ་རིང་ཞིག་ཡིན།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་རང་རྒྱལ་གྱི་བསྒྱུར་བཅོས་འཕེལ་རྒྱས་དང་བརྟན་ལྷིང་ཐད་ཐུག་པའི་འགལ་བ་དང་གནད་དོན་ཀྱི་དངོས་ཡོད་ཀྱི་བསམ་གཞིགས་ཡིན་ཞིང་།ཕུགས་ཡུན་འཕེལ་རྒྱས་ཀྱི་འཐབ་ཇུས་ཇུས་འགོད་ཅིག་ཡིན།《གཏན་འབེབས》ཐོག་ཁྲིམས་ལྟར་རྒྱལ་སྐྱོང་གི་ལྟེ་བ་དང་།དེ་བཞིན་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་དང་གཟབ་ནན་གྱིས་ཁྲིམས་སྐྱོང་བའི་འགག་རྩ།དྲང་གཞག་གིས་ཁྲིམས་འཛིན་པའི་འགག་རགས།དམངས་ཡོངས་ཀྱིས་ཁྲིམས་སྲུང་བའི་རྨང་གཞི།ཁྲིམས་ལྟར་སྲིད་སྐྱོང་བའི་ཁག་ཐེག་དང་།ཁྲིམས་སྐྱོང་བའི་སྙིང་སྟོབས་དང་ཁྲིམས་སྐྱོང་རིག་གནས་ཀྱི་བླ་སྲོག་བཅས་འབུར་དུ་ཐོན་ཡོད་ཅེས་བསྟན།

སྙན་ཞུའི་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དེ་ཞིང་ཆེན་གོང་འོག་གི་མིག་སྔ་དང་དེང་ཕྱིན་དུས་རིམ་ཞིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན་ཞིང་།ང་ཚོས་ཐེངས་འདིའི་སློབ་སྦྱོང་གོ་སྐབས་དམ་འཛིན་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་ཟུང་འབྲེལ་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་ཟུང་འབྲེལ་དམ་ཟབ་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཡུན་ནན་ལས་ཀའི་ཐད་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀ་དེ་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་བྱས།

སྙན་ཞུའི་ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཁག་སོ་སོ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ཐོག་བཏོན་པའི་གལ་ཆེའི་བྱ་ཐབས་གསལ་འགྲེལ་ཞིབ་ཕྲ་བྱེད་པ་དང་།རང་ཞིང་ཆེན་གྱི་དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱོད་གོ་ཆོད་པའི་བྱ་ཐབས་སྤྱད་དེ་དགེ་མཚན་ལྡན་ཞིང་རང་འགུལ་གྱིས་ལས་ཀ་བྱས་ཏེ་གང་མགྱོགས་ཀྱིས་གྲུབ་འབྲས་ཐོབ་པར་འབད་བརྩོན་བྱེད་དགོས།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་ཁྲིམས་ལུགས་སློབ་སྦྱོང་བྱེད་པ་དང་དཔེར་འོས་ཀྱིས་ཁྲིམས་ལུགས་བརྩི་སྲུང་བྱེད་པ།ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་གཏོང་བ་དང་ཁྲིམས་ལ་བརྟེན་ནས་བྱ་བ་སྒྲུབ་པའི་ནུས་ཤུགས་མཐོ་རུ་གཏོང་བ།རང་སད་ཀྱིས་ཁྲིམས་སྐྱོང་ལམ་བུའི་ཐོག་ལས་དོན་ཁག་ལ་སྐུལ་འདེད་གང་ལེགས་གཏོང་དགོས།མིག་སྔར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དེ་སྒུལ་ཤུགས་སུ་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ།

ཁུལ་ཨུ་དང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ལྷན་སྤྱིའི་ཁོངས་མི།ཁུལ་ཁྲིམས་ཁང་གི་ཡོའན་ཀྲང་།ཁུལ་ཞིབ་དཔྱོད་ཁང་གི་ཡོའན་ཀྲང་།ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་།སྐོར་གཟིགས་པ་དང་སྐོར་གཟིགས་པ་གཞོན་པའི་ཐོབ་ཐང་ལོངས་སུ་སྤྱོད་པའི་ལས་ཐོག་འགོ་ཁྲིད་ལས་བྱེད་པ།སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་སྡོད་ཡོད་པའི་ཐིང་རིམ་གཞོན་པ་ཡན་གྱི་ལས་འགན་བཞེས་མྱོང་བའི་འགོ་ཁྲིད་ལས་བྱེད་པ་དང་ཐིང་རིམ་པ་གཞོན་པ་ཡན་གྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་བློ་མཐུན་རྒན་པ།ཁུལ་རིམ་པའི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ(འགོ་ཁྲིད་ཀྱི་ལས་འགན་བཞེས་མེད་པ་དེ་རུ་འདུས་ཡོད།)བདེ་ཆེན་དུ་བཅའ་སྡོད་དམག་དཔུང་གི་ཐོན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སོགས་ཁུལ་ཨུའི་སྙན་ཞུ་ཁང་དུ་སྙན་ཞུ་ཉན་པ་རེད།རང་ཁུལ་གྱི་རྫོང་གསུམ་དང་ཆུས་གཅིག་བཅས་ཀྱིས་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ནས་སྙན་ཞུ་ཉན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག