མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེཔ་ཁུལ་ཏང་ཨུའི་གཞུང་ལས་ཁང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་བརྡ་ཐོ་བཏོན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-20 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གཞུང་ལས་ཁང་གིས་ཁུལ་ཡོངས་ལ《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་གཞུང་ལས་ཁང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཏོན་ཏེ(འོག་ལ་《བརྡ་ཐོ》ཞེས་འབོད་རྒྱུ)།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོ་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ལ་བླང་བྱ་གསལ་པོ་བཏོན་པ་རེད།

《བརྡ་ཐོ》ཡི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་འདི་ཉིད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་སླེབས་སྐབས་སུ་འཚོགས་པའི་གལ་ཆེའི་གྲོས་ཚོགས་ཤིག་ཡིན་ཞིང་།གྲོས་ཚོགས་ཐོག་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་གནད་དོན་འགའི་སྐོར་ལ་སྤྱི་ཁོག་གི་བཀོད་སྒྲིག་བྱས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་ཞུ་བའི་ལས་ཀའི་སྙན་ཞུ་ཉན་ཞིང་གྲོས་བསྡུར་བྱས་པ།དེ་བཞིན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀར་ཚད་མཐོའི་གདེང་འཇོག་གནང་བ་དང་།དུས་ཡུན་རིང་པོའི་རིང་དང་ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འཚོགས་ཚུན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྤེལ་ཐད་ཐོབ་པའི་ལོ་རྒྱུས་རིང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་།《ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་གནད་དོན་འགའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་རེད།《གཏན་འབེབས》ཐོག་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་མཛུབ་སྟོན་བསམ་པ་དང་སྤྱིའི་དམིགས་ཡུལ།གཞི་རྩའི་རྩ་དོན་བཅས་གསལ་པོ་བཏོན་ཡོད་ལ།ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་རབ་དང་རིམ་པའི་ལྟ་བ་གསར་པ་དང་བྱ་ཐབས་གསར་པ་བཏོན་ཡོད་ཅིང་།ཏང་གི་འཛུགས་སྟོན་དང་ཁྲིམས་ལྟར་རྒྱལ་སྐྱོང་བར་གྱི་འབྲེལ་བ་སོགས་རབ་དང་རིམ་པའི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་བཏོན་ཡོད་དེ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་མཛུབ་སྟོན་དང་སྐུལ་འདེད་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྒྱལ་ཁབ་མགྱོ གས་སུ་འཛུགས་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞིང་།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐུག་པའི་རབ་དང་རིམ་པའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་དྲག་ཏུ་གཏོང་བ།སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་སྐུལ་འདེད་གཏོང་བ།སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ།ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་ཁག་ཐེག་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་བདེ་བླག་ངང་འཕེལ་རྒྱས་གཏོང་བ།མུ་མཐུད་དུ་ཀྲུང་གོའི་ཆེད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དེ་བས་ཡངས་ཤིང་རྒྱ་ཆེའི་འཕེལ་རྒྱས་མདུན་ལྗོངས་གཏོད་པ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་ཀྲུང་ཧྭའི་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདོན་དངོས་སུ་འགྲུབ་པར་ཁྱོན་ཡོངས་དང་ཡུན་རིང་གི་མཛུབ་སྟོན་ཕན་ནུས་ལྡན་པ་རེད།

ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ།གཅིག་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་འཕེལ་རྒྱས་གསར་པར་ཤེས་རྟོགས་གཏིང་ཟབ་བྱེད་དགོས་པ་དང་།གཉིས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་ཡུལ།གཞི་རྩའི་རྩ་དོན་བཅས་ལ་ཤེས་རྟོགས་ཟབ་པོ་བྱེད་དགོས།གསུམ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གལ་ཆེའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་ཤེས་རྟོགས་ཟབ་མོ་བྱེད་དགོས།བཞི་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཡང་དག་པའི་འགྲོ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་ལ་ཤེས་རྟོགས་གཏིང་ཟབ་བྱེད་དགོས།ལྔ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་བླང་བྱ་ལ་ཤེས་རྟོགས་ཟབ་མོ་བྱེད་དགོས་ཞེས་བསྟན།

《བརྡ་ཐོ》ཡི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་ནི་མིག་སྔ་དང་དེང་ཕྱིན་དུས་རིམ་ཤིག་གི་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་ཡིན་ཞིང་།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ།བྱ་སྤྱོད་མགྱོ གས་སུ་སྤེལ་ཞིང་རྣམ་པ་འདྲ་མིན་སྣ་ཚོགས་དང་གསོན་ཉམས་ལྡན་པའི་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་བྱེད་སྒོ་བསྡུས་ཏེ།ཚང་འཛོམས་གྲོས་ཚོགས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་ཤིག་སློང་བ་བྱེད་དགོས་ཤིང་།ཏང་ཡོན་ལས་བྱེད་པའི་སློབ་གསོ་ལ་ཤུགས་འཇོག་ནས་དམ་འཛིན་བྱེད་དགོས།རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས་ཚང་འཛོམས་གྲོས་ཀྱི་དགོངས་དོན་དེ་ཏང་ཡོན་རེ་རེར་བརྒྱུད་བསྒྲགས་ཐུབ་པ་བྱེད་དགོས།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ཕན་ནུས་འདོན་སྤེལ་བྱེད་པ་དང་སྣེ་ཁྲིད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་དགོས།རིམ་པ་ཁག་གི་ཏང་རྩ་འཛུགས་(ཏང་ཙུའུ)ཀྱིས་ཁུལ་ཨུའི་བླང་བྱ་ལྟར།དུས་ཚོད་མགྱོ གས་མྱུར་བཀོད་སྒྲིག་བྱས་ནས་དུས་ཐོག་ཏུ་ཆེད་དོན་སློབ་སྦྱོང་བྱེད་པ་དང་།དཔེ་སྟོན་པ་དང་སྐུལ་ཁྲིད་དང་ཁྱབ་འགྱེད་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ།རང་ས་གནས་དང་རང་སྡེ་ཁག རང་སྡེ་ཚན་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་བྱེད་སྒོ་དེ་གཏིང་ཟབ་ཏུ་སྤེལ་བ་བྱེད་དགོས།རིམ་པ་ཁག་གི་འགོ་ཁྲིད་ལྷན་སྤྱི་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་།སྣེ་ཁྲིད་དེ་སྒྲོག་འགྲེལ་བྱེད་དགོས།མི་དམངས་འཐུས་མིའི་ཚོགས་ཆེན་དང་སྲིད་གཞུང་།སྲིད་གྲོས།ཏང་ཨུའི་སྲིད་ཁྲིམས་ཨུ་དང་ཁྲིམས་ཁང་།ཞིབ་དཔྱོད་ཁང་སོགས་སྡེ་ཁག་གིས་གོམ་རིམ་གཅིག་ཙམ་སྔོན་དུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱས་ནས།སྣེ་ཁྲིད་དཔེ་སྟོན་གྱི་ཕན་ནུས་འདོན་སྤེལ་བྱེད་དགོས།

དུས་མཚུངས་སུ་ཚང་འཛོམས་གྲོས་ཚོགས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་ངང་ཚུལ་ལེགས་པོ་ཞིག་གཏོད་དགོས་ཤིང་།གཅིག་ནས་ཚང་འཛོམས་གྲོས་ཚོགས་དགོངས་དོན་གྱི་དྲིལ་བསྒྲགས་འཕྲིན་སྤེལ་ལས་ཀར་དམ་འཛིན་བྱེད་དགོས་པ་དང་།གཉིས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྒྲོག་འགྲེལ་ཟུར་ཁྲིད་ལས་ཀར་དམ་འཛིན་བྱེད་དགོས།གསུམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་རིགས་གཞུང་གི་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་བྱས་ཡོད།

བརྡ་ཐོའི་ཐོག ཁུལ་ཡོངས་ཀྱི་གོང་འོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་གོ་སྐབས་སུ་འཛིན་ཏེ།ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་གལ་ཆེའི་ལས་འགན་དང་པོར་འཛིན་པ་དང་བརྟན་ལྷིང་ཡོང་རྒྱུ་དེ་འགན་འཁྲི་དང་པོར་འཛིན་ཏེ།ལྷོད་གཡེང་སྤུ་ཙམ་མེད་པའི་སྒོས་ལས་ཀ་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ།ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཡུལ་ལས་འགན་ཡོངས་སུ་འགྲུབ་པ་བྱེད་དགོས།གཅིག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་སློབ་སྦྱོང་བྱེད་པར་ཟུང་འབྲེལ་བྱེད་དགོས།གཉིས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱེད་དགོས།གསུམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་དཔལ་འབྱོར་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་གཏོང་བའི་ལས་ཀ་དམ་འཛིན་བྱེད་པར་ཟུང་འབྲེལ་བྱེད་དགོས།བཞི་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་ཀ་དམ་འཛིན་བྱེད་པར་ཟུང་འབྲེལ་བྱེད་དགོས།ལྔ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཁོར་ཡུག་ཕྱོགས་བསྡུས་ཀྱིས་བཅོས་སྒྲིག་བྱེད་པ་དང་།མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་པའི་བྱེད་སྒོ་དང་ཟུང་འབྲེལ་བྱེད་དགོས།དྲུག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་སྤྱོད་ཚུལ་འཛུགས་སྤེལ་ལས་ཀ་དམ་འཛིན་བྱེད་པར་ཟུང་འབྲེལ་བྱེད་དགོས།བདུན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་གཟབ་ནན་གྱིས་ཏང་སྐྱོང་བའི་ལས་ཀ་དམ་འཛིན་བྱེད་པར་ཟུང་འབྲེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ཐོག རྫོང་སོ་སོ་དང་གསར་སྤེལ་ཆུས་དངཁུལ་རིམ་པའི་སྡེ་ཁག་སོ་སོ་ནས་དུས་ཐོག་ཏུ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ཁུལ་ཨུར་སྙན་སེང་ཞུ་དགོས་པའི་བླང་བྱ་་པ་རེད།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག