མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་བྱ་བ་བདེ་བླག་ངང་སྤེལ་བཞིན་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-20 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མིག་སྔར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྡོ་མཁར་གནའ་རྫོང“1.11”མེ་སྐྱོན་རྗེས་ཀྱི་དམངས་སྡོད་ཁང་པའི་བསྐྱར་སྐྲུན་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ལ། གནོད་ཐེབས་དུད་ཁྱིམ་ཚོས་མཐར་མཇུག་གི་ལས་ཡུན་དམ་འཛིན་བྱེད་པ་དང་།  སྔ་མོ་ནས་རྣམ་གྲངས་ལེགས་འགྲུབ་འབྱུང་བར་འབད་པ་བྱེད་ཀྱིན་ཡོད།  ཤེས་གསལ་བྱུང་བ་ལྟར་ན། ཟླ11པའི་ཟླ་མཇུག་ལ་ཐོན་དུས་སེམས་ཀྱི་ཉི་ཟླ་རྫོང་གི་གནམ་གཤིས་དྲོད་ཚད་ཇེ་དམའ་རུ་སོང་བ་དང་ཨར་འདམ་ལུགས་རྒྱག་བྱེད་པར་གནོད་པ་ཆེན་པོ་ཐེབས། བཟོ་སྐྲུན་གྱི་སྤུས་ཚད་ཁག་ཐེག་བྱེད་ཆེད་ཁང་པའི་གཙོ་གནད་འཛུགས་སྐྲུན་ཟླ་འདིའི་ཚེས20ཉིན་ནས་མཚམས་བཞག་པ་དང་ནང་ཕྱོགས་ཀྱི་མཛེས་སྤྲས་རྣམ་གྲངས་སྤེལ་བཞིན་ཡོད་པ་རེད།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག