མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་རིགས་གཞུང་རྐང་འཛིན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚིགས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-20 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་བདེ་ཆེན་ཁུལ་ཏང་ཨུའི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་རིགས་གཞུང་རྐང་འཛིན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭ་རུ་སློབ་འགོ་ཚིགས་པ་དང་།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། སེམས་ཀྱི་ཉི་ཟླ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་གིས་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚིགས་པར་གཏམ་བཤད།  ཤེས་གསལ་བྱུང་བ་ལྟར་ན། སེམས་ཀྱི་ཉི་ཟླ་རྫོང་གིས་གསོ་སྦྱོང་འཛིན་གྲྭ་ཐེངས་བཞི་ལ་སྤེལ་རྒྱུ་ཡིན་པ་དང་། རྫོང་ཡོངས་ཀྱི་ཁོ་རིམ་པ་ཡན་གྱི་ལས་བྱེད་མི་སྣ་དང་སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅི། སྡེ་བའི་ཀྲུའུ་རིན་སོགས་ལ་གསོ་སྦྱོང་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག