མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་གྱི་འཆར་འགོད་དང་རིགས་པས་སྒྲུབ་པའི་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-17 10:51

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་གྱི་འཆར་འགོད་དང་རིགས་པས་སྒྲུབ་པའི་གྲོས་ཚོགས་འཚོགས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་གྲོས་ཚོགས་སུ་ཞུགས་པ་དང་གསུང་བཤད་གནང་བ། གྲོས་ཚོགས་ཀྱིས་ཀྲུང་གོའི་ཨར་ལས་ཡོའན་གྱི་ཡོའན་ཧྲི་དང་ཡོན་ནན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཡུན་ནན་ཞིང་ལས་སློབ་ཆེན་གྱི་མིང་འཛིན་ཞའོ་ཀྲང་ཀྲུའུ་ཡིའུ་ཡུང་དང་། ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ། རྒྱལ་ཁབ་རྒུན་འབྲུམ་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཙུགས་ཚན་རིག་པ་ཏོན་ཁྲང་ཆིང་། ཡུན་ནན་ཞིང་ལས་སློབ་ཆེན་གྱི་རྒྱུན་ལས་ཞའོ་ཀྲང་གཞོན་པ་ཝུའུ་པོ་ཀྲི། ཡུན་ནན་ཞིང་ལས་སློབ་ཆེན་གྱི་ཞའོ་ཀྲང་གཞོན་པ་ལི་ཀྲེང་ཡུའེ་སོགས་གདན་ཞུས་ནས་མཁས་པའི་ཚོ་ཆུང་གི་ཁོངས་མིའི་འགན་བཞེས་པ་རེད།

གྲོས་ཚོགས་ཀྱིས་སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་གྱི་འཆར་འགོད་རྣམ་གྲངས་ཀྱི་ཕུགས་རྩ་དང་འཆར་འགོད་ནང་དོན་སོགས་འབྲེལ་ཡོད་གནས་ཚུལ་གྱི་མཚམས་སྦྱོར་ལ་ཉན་ཞིང་། མཁས་པ་ཚོ་ཆུང་གི་ཁོངས་མིས་དོན་དངོས་དང་བསྟུན་ནས་འཆར་འགོད་ལ་བརྟེན་ཏེ་གྲོས་བསྡུར་བྱས་པ་དང་། རྒུན་ཆང་ཐོན་ཁུལ་གྱི་འཆར་འགོད་ལ་རིགས་པས་སྒྲུབ་པ་དང་གྲོས་གཞི་བཏོན་པ་རེད།

མ་ཝུན་ལུང་གིས། ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒུན་འབྲུམ་ཐོན་ལས་ཀྱི་གོང་སྤེལ་མགྱོ གས་པོར་གཏོང་བ་དེ་ཁུལ་ཡོངས་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་དེང་སྐབས་ཀྱི་ཞིང་ལས་གོང་སྤེལ་མགྱོ གས་སུ་གཏོང་བ། ཞིང་པའི་ཡོང་སྤར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་ཀྱི་ཐོན་ལས་གཙོ་བོ་འཛུགས་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གཙོ་བོར་གྱུར་ནས། རང་ཁུལ་གྱིས་གནམ་གཤིས་ཐོན་ཁུངས་ཀྱི་གནས་བབ་ལེགས་པོར་བརྟེན་ཏེ། ཁུལ་ཡོངས་ཀྱི་རྒུན་འབྲུམ་ཐོན་ལས་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད། རྗེས་མར། ཁུལ་ཡོངས་ཀྱི་རྒུན་འབྲུམ་ཐོན་ལས་ཀྱི་གོང་སྤེལ་གྱིས་ཐོན་ཁུལ་གྱི་འཆར་འགོད་ལ་གཞིགས་ནས། ནན་ཏན་གྱིས་དོན་འཁྱོལ་དམ་འཛིན་བྱེད་དེ། རྒུན་འབྲུམ་ཐོན་ལས་གོ་རིམ་ལྡན་པའི་ངང་དར་རྒྱས་དང་གོང་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།

གྲོས་ཚོགས་ཐོག སྐྱེ་དངོས་ཐོན་ལས་ནི་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འབེབས་བྱེད་པའི་ཐོན་ལས་གཙོ་བོ་བཞིའི་ཡ་ཞིག་ཡིན་ཞིང་། རྒུན་ཆང་ཐོན་ལས་ནི་བདེ་ཆེན་སྐྱེ་དངོས་ཐོན་ལས་ཀྱི་ཁྲོད་དུ་གོང་སྤེལ་ནུས་ཤུགས་ཆེན་པོ་ལྡན་པའི་ཐོན་ལས་ཞིག་ཀྱང་ཡིན། ཐོན་ཁུལ་གྱི་འཆར་འགོད་དོན་འཁྱོལ་བྱས་ནས། སྔར་ལས་ལྷག་པར་བདེ་ཆེན་རྒུན་ཆང་ཐོན་ལས་ཀྱི་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དང་། བདེ་ཆེན་རིམ་མཐོ་རྒུན་ཆང་གི་མིང་རྟགས་གྲགས་ཅན་སྐྲུན་པར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་རེད་ཅེས་བསྟན་པ།

ཁུལ་དཔོན་གཞོན་པ་དབྱང་ཀྲེང་དབྱི་ཡིས་གྲོས་ཚོགས་ཐོག་ཤིས་ཚིག་གནང་བ་དང་། ཝུའུ་ཀྲི་ཆོན་གྲོས་ཚོགས་སུ་ཞུགས་ཡོད།

བར་སྐབས་སུ། མཁས་པ་ཚོ་ཆུང་ད་དུང་འཇོལ་རྫོང་ཞོན་ཅི་ཧྲི་རྟེན་གཞི་དང་སྨན་རི་ཆང་དུ་སླེབས་ཏེ་རྟོག་ཞིབ་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག