མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་གནད་ཆེའི་ཁྱབ་ཁོངས་ཆེན་པོ་ཁག་9ཡི་བསྒྱུར་བཅོས་བྱ་ཐབས་242ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-17 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་ཐོག་བཏོན་དོན། རྫོང་འདིས་ཁྱབ་ཁོངས་ཁག་9ཡི་བསྒྱུར་བཅོས་བྱ་ཐབས་242ལ་སྐུལ་འདེད་གཏོང་རྒྱུ་རེད།

མངའ་ཁོངས་9ཡི་བསྒྱུར་བཅོས་ལས་འགན་ནི། དཔལ་འབྱོར་ལམ་ལུགས་གཏིང་ཟབ་ཏུ་བསྒྱུར་བཅོས་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་མྱུར་པོའི་ངང་བསྒྱུར་བ། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་བསྒྱུར་བ། དམངས་གཙོའི་ཆབ་སྲིད་ལམ་ལུགས་འཐུས་ཚང་དུ་གཏོང་བ། དབང་ཆའི་ཚོད་འཛིན་ལྟ་སྐུལ་ལམ་ལུགས་ལ་ཤུགས་སྣོན་པ། རིག་གནས་ལམ་ལུགས་གསར་གཏོད་བྱེད་པ། སྤྱི་ཚོགས་ལས་དོན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བདེ་སྲུང་བདག་སྐྱོང་ལམ་ལུགས་གསར་གཏོད་བྱེད་པ།སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་འཛུགས་པ།དམངས་འཚོའི་བྱ་བཞག་དང་འབྲེལ་བ་ཡོད་པའི་བསྒྱུར་བཅོས་གནད་ཆེར་བཟུང་ནས་སྐུལ་འདེད་གཏོང་རྒྱུ་བཅས་རེད།

རྫོང་འདིས་ད་དུང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བསྒྱུར་བཅོས་བྱེད་པའི་གལ་ཆེའི་བྱ་ཐབས་ཞིབ་ཕྲར་བྱེད་པ་དང་། ཤང་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རྫོང་ཨུའི་པུའུ་ཨུ། རྫོང་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་དང་གཞུང་ལས་ཁང་དང་ཅུས། མི་དམངས་མཐུན་ཚོགས། ཁེ་ལས་དང་བྱ་བཞག་ལས་ཁུངས།ཞིང་ཆེན་རིམ་པའི་རྫོང་དུ་བཅའ་སྡོད་ལས་ཁུངས་བཅས་སུ་བགོས་ཡོད་པ་མ་ཟད། ད་དུང་དཔལ་འབྱོར་ལམ་ལུགས་ཀྱི་བསྒྱུར་བཅོས་དང་དམངས་གཙོའི་ཁྲིམས་ལུགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས། རིག་གནས་དང་སློབ་གསོ་དང་འཕྲོད་བསྟེན་ལམ་ལུགས་ཀྱི་བསྒྱུར་བཅོས། སྤྱི་ཚོགས་ལམ་ལུགས་ཀྱི་བསྒྱུར་བཅོས། སྐྱེ་ཁམས་དཔལ་ཡོན་གྱི་བསྒྱུར་བཅོས། ཏང་གི་འཛུགས་སྐྲུན་ལམ་ལུགས་ཀྱི་བསྒྱུར་བཅོས། སྒྲིག་ཁྲིམས་ཞིབ་བཤེར་ལམ་ལུགས་ཀྱི་བསྒྱུར་བཅོས་བཅས་བསྒྱུར་བཅོས་ཆེད་དམིགས་ཚོ་ཆུང་7བྱས་ཡོད་ཅིང་། གྲོང་གསེབ་ཀྱི་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་འགན་ནུས་དེ་རྫོང་ཨུའི་གྲོང་གསེབ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་འཁུར་ལེན་བྱེད་དེ། རྣམ་གྲངས་ཁག་གི་བསྒྱུར་བཅོས་སྣེ་ཁྲིད་བྱེད་འགན་འཁུར་རྒྱུ་རེད།

རྫོང་ཨུའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོ་ཆུང་གིས་ད་དུང་ཆེད་དམིགས་ཚོ་ཆུང་ཁག་གིས་བཀོད་སྒྲིག་ཞིབ་ཕྲ་བྱེད་པ་དང་རྩ་འཛུགས་ཞིབ་ཕྲ་བྱེད་པ། ལག་བསྟར་དམ་འཛིན་བྱེད་པ། བསྒྱུར་བཅོས་གསར་གཏོད་དེ་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ཁྱབ་ཁོངས་སོ་སོར་མཐའ་ཕྱིན་བྱེད་དགོས་པ་དང་། སྡེ་ཁག་སོ་སོ་དང་ལས་ཁུངས་ཁག་གིས་བསྒྱུར་བཅོས་ལས་བགོས་ལས་འགན་དེ་མིག་སྔའི་གོང་སྤེལ་ལས་ཀ་ཁག་ལ་སྐུལ་སྤེལ་གཏོང་བར་ཟུང་འབྲེལ་བྱས་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་བདེ་བླག་ངང་གོང་སྤེལ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བྱུང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག