མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྒྱལ་ཐང་གྲོང་རྡལ་གྱིས་འགྲིམ་འགྲུལ་བདེ་འཇགས་རྒྱུན་ཤེས་སློབ་གྲྭ་རུ་བསྐྱལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-14 10:13

སློབ་མའི་ཁྱིམ་བདག་གིས་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ལག་དེབ་ཀློག་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས9ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་གིས་གཞིས་ཁུལ་དུ་ཁྱིམ་བདག་ཚོགས་འདུ་བསྡུ་བཞིན་པའི་གོ་སྐབས་དང་བསྟུན།  སློབ་གྲྭ་རུ་སོང་ནས་འགྲིམ་འགྲུལ་སྐོར་གྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་། གཙོ་བོར་སྟོན་ཁ་དང་དགུན་དུས་ཕྱི་འགྲོ་བའི་བདེ་འཇགས་རྒྱུན་ཤེས་དྲིལ་བསྒྲགས་བྱས། རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་གི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་གཏོང་བར་དམིགས་ཏེ།  བྱ་འགུལ་སྤེལ་བའི་ཉིན་མོ་དེར་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་གིས་ད་དུང་སློབ་གྲྭ་དང་འབྲེལ་གཏུགས་བྱས་ནས་ཁྱིམ་བདག་ཚོགས་འདུ་སྟེང་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་ཁྲིད་ཐེངས་ཤིག་སྤེལ་བར་ཐག་བཅད།

སློབ་ཁྲིད་སྟེང་ཉེན་རྟོག་པས་སྔོན་ཆད་བྱུང་ཟིན་པའི་འགྲིམ་འགྲུལ་དོན་རྐྱེན་སྐོར་ཞིག་མཚམས་སྦྱོར་བྱས་པ་བརྒྱུད། སློབ་མར་བདག་སྐྱོང་བྱེད་པ་དང་ཁོ་ཚོ་ཕྱི་སྐྱོད་པའི་བདེ་འཇགས་ལ་ཁག་ཐེག་བྱས་ཏེ་རང་ཉིད་དང་བྱིས་པའི་བདེ་འཇགས་ལ་འགན་ཁུར་དགོས་པར་སྐུལ་སློང་བྱས། གཞན་ད་དུང་སྟོན་དུས་དང་དགུན་དུས་ཀྱི་གནམ་གཤིས་གནས་ཚུལ་ལ་དམིགས་ཏེ་བདེ་འཇགས་ངང་རླངས་འཁོར་སྐོར་བའི་རྒྱུན་ཤེས་དང་དོ་སྣང་བྱེད་དགོས་པའི་གནད་དོན་ཐད་ནས་འགྲེལ་བཤད་བྱས་པ་དང་། དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱེད་པ་དང་དྲིལ་བསྒྲགས་ནག་པང་བཀོད་སྒྲིག་བྱེད་པ་སོགས་ཀྱིས་སློབ་མ་དང་སློབ་མའི་ཁྱིམ་བདག་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་མོ་བྱུང་།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག