མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལོ་སྐྱིད་ཤང་དུ་ཆེད་ལས་མཉམ་ལས་ཁང་གི་ཏང་ཀྲུ་པུའུ་ཐོག་མ་བཙུགས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-14 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས6ཉིན་གྱི་སྔ་དྲོར། ཟིལ་སྐམ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ཏང་ཀྲུ་པུའུ་དངོས་སུ་བཙུགས་པ་དང་། དེ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ལོ་སྐྱིད་ཤང་དུ་བཙུགས་པའི་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་གཞི་རིམ་ཏང་ཀྲུ་པུའུ་ཐོག་མ་ཡིན་ལ།  ཤང་འདིའི་ཀྲུ་པུའུ་དང་མཉམ་ལས། རྟེན་གཞི་དང་ཞིང་བའི་དུད་ཁྱིམ་བར་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་སྐྲུན་བྱས་པར་མཚོན།

ཏང་ཀྲུ་པུའུ་འཛུགས་པར་ནན་ཏན་གྱིས་རྩ་འཛུགས་ཀྱི་སྒྲིག་རིམ་ལག་བསྟར་བྱས་ཏེ།  ཐོག་མར་སྡེ་བའི་ཏང་ཀྲུ་པུའུ་ཡིས་ཤང་རིམ་པར་སྙན་ཞུ་ཕུལ་དགོས་པ་དང་ཤང་ཏང་ཨུའི་གྲོས་ཚོགས་ལས་ཞིབ་འཇུག་བྱས་ནས་ཆོག་མཆན་བཀོལ་རྗེས།  ཏང་ཡོན་འཐུས་མིའི་ཚོགས་ཆེན་བསྡུས་ཏེ་ཚང་མའི་བསམ་འཆར་བསྡུ་ལེན་བྱས་ཏེ་ཏང་ཀྲུ་པུའུ་འཛུགས་པ་དང་།  འདེམས་ཤོག་ཕོངས་བ་སོགས་བརྒྱུད་ནས་ཀྲུ་པུའུ་ཨུ་ཡོན་ལྷན་ཚོགས་དང་ཀྲུ་པུའུ་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་པ་མ་ཟད། ཨུ་ཡོན་རྣམས་ལ་བྱ་བ་བཀོད་སྒྲིག་བྱས།

ཤང་ཏང་ཨུ་དང་སྡེ་འི་ཏང་ཀྲུ་པུའུ་ཡིས་མཉམ་ལས་ཁང་གི་ཏང་ཀྲུ་པུའུ་ལ་མཉམ་ལས་ཁང་གི་ཏང་ཀྲུ་པུའུ་བཙུགས་ནས་བཟུང་། ཏང་རྩ་འཛུགས་ཀྱི་སྲོལ་རྒྱུན་ལེགས་པོ་རྒྱུད་འཛིན་བྱས་ཏེ་སྡེ་མི་རྣམས་སྣེ་ཁྲིད་ནས་ཐོན་ལས་གཞི་ཁྱོན་ཇེ་ཆེར་གཏོང་བ་དང་།  ཞིང་ལས་མིང་རྟགས་གསར་བ་གསར་སྐྲུན་བྱེད་པ།  ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་སོགས་ཞིང་སྡའི་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་ཇེ་ཆེར་འགྲོ་བར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག