མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ཁྲག་རྒྱུན་དོ་དམ་ཆ་འཕྲིན་མ་ལག་དྲ་སྦྲེལ་རྣམ་གྲངས་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-14 10:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཁྲག་རྒྱུན་དོ་དམ་ཆ་འཕྲིན་མ་ལག་དྲ་སྦྲེལ་བདེ་ཆེན་ཡན་ལག་རྣམ་གྲངས་དེ་དངོས་སུ་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ཟླ12པའི་ཟླ་མཇུག་ནང་འཛུགས་སྐྲུན་བྱས་ཚར་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་ཁྲག་རྒྱུན་སྤུས་ཚད་བདེ་འཇགས་དོ་དམ་ཚད་གཞི་ཅན་དུ་བཏང་ནས། ཁྲག་རྒྱུན་དོ་དམ་གྱི་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྲག་རྒྱུན་དོ་དམ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཁྲག་རྒྱུན་ཐོན་ཁུངས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱུང་ཡོད། ད་ལོའི་ཟླ4པར། ཞིང་ཆེན་འཕྲོད་བསྟེན་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཁྲག་རྒྱུན་དོ་དམ་མ་ལག་འཛུགས་སྐྲུན་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་། གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་ཁྲག་རྒྱུན་བསྡུ་བ་དང་མཁོ་འདོན་བྱེད་པའི་ལས་ཁུངས16ཀྱི་ཁྲག་རྒྱུན་དོ་དམ་མ་ལག་གི་དྲ་སྦྲེལ་ལས་ཀར་བཀོད་སྒྲིག་བྱས་པ་དང་། 2015ལོར་ཕྱོགས་ཡོངས་ནས་རྣམ་གྲངས་འདིའི་ལས་ཀ་སྒྲུབ་ཚར་དགོས་པའི་བླང་བྱ་བཏོན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག