མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྣུམ་ལྡན་སྐྱུར་རུ་མུའུ་ཁྲི་ལྷག་འདེབས་འཛུགས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-14 10:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་བར་དུ།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཚན་རྩལ་སུའོ་ཡི་དཔྱད་ཡིག་ཀྱིས་མཚོན་པར་གཞིགས་ན། བདེ་ཆེན་ཁུལ་གྱིས་འདེབས་འཛུགས་བྱས་པའི་སྣུམ་ལྡན་སྐྱུར་རུ་མུའུ་ཁྲི་ལྷག་ཟིན་ཡོད།

ཉེ་བའི་ལོ་འགའི་རིང་ལ།ཁུལ་ནགས་ལས་ཚན་རྩལ་སུའོ་ཡིས་ཞིང་ཆེན་དང་ཁུལ་ནགས་ལས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་བཀོད་ལ་གཞིགས་པ་དང་རང་ཁུལ་གྱི་འབྲི་ཆུ་དང་རྫ་ཆུའི་འབབ་རྒྱུད་ཀྱི་སྐམ་ཚའི་རོང་ཁུལ་ས་ཆའི་ཐོན་ཁུངས་འབེལ་པོ་མིན་ཞིང་གནམ་གཤིས་དམིགས་བསལ་ཡིན་པ།སྐྱེ་ཁམས་ཉམས་ཞན་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྟར།ཀོང་རྩེད་ར་དང་ཉི་ཤར།གཡག་རྭ།ཡན་མིང་།ཝུའུ་ཅིན་སོགས་ཤང་དང་གྲོང་རྡལ་ལ་སྣུམ་ལྡན་སྐྱུར་རུའི་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱས་ཤིང་།ཞིང་ཆེན་རིམ་པའི་ཆེད་མཁས་དང་འབའ་ལུང་ཁམས་པང་རོ་མཆོག་ལས་སྣོན་ཁེ་ལས་སོགས་གདན་ཞུས་ནས་མཉམ་འབྲེལ་ཐོག་སྣུམ་ལྡན་སྐྱུར་རུའི་ཐོན་མཐོའི་འདེབས་འཛུགས་ལག་རྩལ་གསོ་སྦྱོང་ཐེངས་མང་བྱས་པ་རེད།

2013ལོར།ཁུལ་ནགས་ལས་ཅུས་དང་ཁུལ་ཚན་རྩལ་ཅུས་ཀྱིས་རྣམ་གྲངས་འཛུགས་པའི་སྣུམ་ལྡན་སྐྱུར་རུའི་འདེབས་འཛུགས་དཔེ་སྟོན་རྟེན་གཞིའི་སྙེ་བཏོག་ལྡུམ་རའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཡུག་སྦྲེལ་ནས་མུའུ་300འདེབས་འཛུགས་བྱས་ཡོད་ལ།ལམ་འགྲམ་སོགས་ལ་སྣུམ་ལྡན་སྐྱུར་རུའི་ལྗོན་པ་2500འདེབས་འཛུགས་བྱས་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག