མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་གྲུབ་འབྲས་ཡག་པོ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-14 10:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་མུ་མཐུད་དུ“ཞིང་གསུམ”གྱི་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་སྟེ། གྲོང་གསེང་གསར་པའི་འཛུགས་སྐྲུན་ལས་ཀར་དམ་པོ་འཛིན་ཞིང་། ཞིང་པ་མང་ཚོགས་ཀྱིས་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཧུར་སེམས་འདོན་སྤེལ་བྱས་ནས། “ལས་བྱེད་པས་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ཀྱི་ཧུར་སེམས་ཆེ་བ། གྲོང་སྡེ་སོ་སོ་འགྲན་བསྡུར་བྱེད་པ་ལྟར་ལས་ཀ་སྒྲུབ་པའི་”ངང་ཚུལ་ཡག་པོ་ཞིག་སྐྲུན་ཡོད་པ་རེད།

ཤེས་གསལ་བྱུང་དོན། རྫོང་དེས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི5221གཏོང་སྟེ། གྲོང་གསེབ་གསར་པའི་ཞིང་ཆེན་རིམ་པའི་གྲོང་སྡེ་གལ་ཆེན་འཛུགས་སྐྲུན་རྣམ་གྲངས51ལག་བསྟར་བྱས་ནས་ནུས་པ་ལྡན་པའི་ངང་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་རེད།

གྲོང་གསེབ་གསར་པའི་འཛུགས་སྐྲུན་ལས་ཀའི་ཁྲོད་དུ། སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོན་ཁུངས་སྡེབ་སྒྲིག་གཏོང་འཇོག་་སྒྲིག་གཞི་སྤྱད་དེ། འདང་ངེས་ཀྱིས་མ་དངུལ་སྡེབ་སྒྲིག་བྱེད་ཅིང་། གོང་རིམ་གྱིས་ཁ་གསབ་མ་དངུལ“1+1>2”ཡི་ནུས་པ་གང་ལེགས་སུ་འདོན་པ། 2013ལོ་འཁོར་དུ་ཞིང་ཆེན་རིམ་པའི་འཛུགས་སྐྲུན་གྲོང་སྡེ་གལ་ཆེན་གྱི་ལས་ཀར་མ་དངུལ་སྒོར་ཁྲི1500སྡེབ་སྒྲིག་བྱས་ཏེ་འཇོག་པ། རྫོང་དེས་འདང་ངེས་ཀྱིས་ཞིང་པའི་བསམ་ཚུལ་ལ་རྩིས་འཇོག་བྱེད་དེ། རྒྱ་ཁྱབ་ངང་མང་ཚོགས་ཀྱིས་གྲོང་གསེབ་གསར་པའི་འཛུགས་སྐྲུན་དུ་ཞུགས་པར་སྐུལ་མ་གཏོང་བ། 2013ལོ་འཁོར་དུ་ཞིང་ཆེན་རིམ་པའི་འཛུགས་སྐྲུན་གྲོང་སྡེ་གལ་ཆེན་གྱི་ལས་ཀའི་རྣམ་གྲངས་ས་གནས་ཀྱི་མང་ཚོགས་ཀྱིས་སྒོར་ཁྲི322ཀྱི་རིན་ཐང་ལྡན་པའི་ངལ་རྩོལ་འདོན་པར་སྐུལ་མ་གཏོང་ཡོད་ལ། སྲིད་གཞུང་གིས་སྒོར1སྤྲད་པ་དང་མང་ཚོགས་ཀྱིས་རང་རྟོགས་ངང་སྒོར1རི་བའི་ངལ་རྩོལ་བྱེད་པ་རེད།

མུ་མཐུད་དུ་འབད་བརྩོན་བྱས་པ་བརྒྱུད་ནས། གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་མངོན་གསལ་གྱི་གྲུབ་འབྲས་ཐོབ་ཡོད། གྲོང་སྡེ་ནང་གི་གཞུང་ལམ་སྲ་བརྟན་དུ་གཏོང་བ་སོགས་ལས་གྲྭ་ལག་བསྟར་བྱས་ནས། ནུས་པ་ཐོན་པའི་ངང་རྣམ་གྲངས་ས་གནས་ཀྱི་ཆུ་དང་། གློག ལམ་སོགས་ཀྱི་དོགས་གནད་སེལ་བ། ཚད་ཆེན་མོའི་ངང་མང་ཚོགས་ཀྱི་འཚོ་བ་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་གོང་དུ་འཕེལ་བའི་དུས་མཚུངས་སུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ད་དུང་ཕྱོགས་ཡོངས་ནས་སྤྱི་ཚོགས་ལས་དོན་སོ་སོའི་འཛུགས་སྐྲུན་བྱེད་ཤུགས་མགྱོ གས་སུ་གཏོང་བ། གྲོང་གསེབ་ཀྱི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། རླུང་འཕྲིན་དང་བརྙན་འཕྲིན། ཚན་རིག་ལག་རྩལ། རིག་གནས་ལུས་རྩལ་སོགས་སྤྱི་ཚོགས་ལས་དོན་སོ་སོ་གོང་དུ་སྤེལ་ཞིང་། མང་ཚོགས་ཀྱི་དངོས་པོ་དང་བསམ་བློའི་འཚོ་བའི་ཆུ་ཚད་མངོན་གསལ་རང་བཞིན་གྱིས་མཐོ་རུ་གཏོང་བ་རེད། གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སྒྲིག་བྱས་ནས་གྲོང་གསེབ་ཀྱི་གཙོག་པ་དང་རྙོག་ཟིང་། ཁོར་ཡུག་ཞན་པའི་གནས་ཚུལ་ནུས་པ་ཐོན་པའི་ངང་ལེགས་སུ་བཏང་ཡོད། གཞན་ཡང་གྲོང་གསེབ་གསར་པའི་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་གྲོང་སྡེའི་སྒྲིག་ལམ་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་ལམ་ལུགས་སོ་སོ་འཛུགས་ཏེ་འཐུས་ཚང་དུ་བཏང་ནས། གོམ་གང་མདུན་སྤོས་ཀྱིས་ཏང་གི་གྲོང་གསེབ་ནང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག