མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་བདག་གཉེར་དང་དོན་འཁྱོལ་བྱེད་པར་གྲུབ་འབྲས་མངོན་གསལ་བྱུང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-13 11:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་འབྲེལ་གཏུག་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་བྱུང་དོན། ད་ལོར། ནན་ཏན་གྱིས་བསྒྲུབ་རྒྱུ་སྤྲོད་པ་དང་དུས་སྐེད་དུ་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། གནད་ཆེའི་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། རྗེས་སྙེག་ཞིབ་འཇུག་བརྟག་དཔྱད་བྱེད་པ་སོགས་ཕྲེང་བསྟར་བྱ་ཐབས་སྤྱད་དེ། འཐུས་མིའི་གྲོས་གཞི་བདག་གཉེར་བྱེད་པའི་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་གཏོང་ཞིང་། དོན་འཁྱོལ་བྱེད་པའི་གྲུབ་འབྲས་ཡང་མངོན་གསལ་བྱུང་བ་རེད།

ཤེས་གསལ་བྱུང་བར་གཞིགས་ན། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་ལ་འཐུས་མིའི་གྲོས་གཞི་ཁྱོན་བསྡོམས་51ཡོད་ཅིང་། བདག་གཉེར་བྱེད་པའི་སྤུས་ཚད་ལ་གཞིགས་ནས་སྣ་རིགས་གསུམ་བགོས་ཡོད་དེ། སྒྲུབ་ཚར་བ་དང་ཐག་གཅོད་བྱེད་ཐོན་པའི་Aརིགས་ཀྱི་གནད་དོན་ཁྱོན་བསྡོམས་33ཡོད་དེ་སྤྱི་གྲངས་ཀྱི་64.7%བཟུང་བ། ལོ་གསུམ་གྱི་ནང་དུ་ཐག་གཅོད་ཐུབ་པ་དང་ལས་ཁུངས་ཀྱི་ལས་ཀའི་འཆར་གཞིར་འགོད་པའི་Bརིགས་ཀྱི་གནད་དོན་7གྱིས་སྤྱི་གྲངས་ཀྱི་13.7%བཟུང་བ། ཆ་རྐྱེན་གྱིས་ཚོད་འཛིན་བྱས་པས་ཐག་གཅོད་མི་ཐུབ་པའི་C རིགས་ཀྱི་གནད་དོན་11ཡོད་དེ། སྤྱི་གྲངས་ཀྱིས་21.6%བཟུང་ཡོད། ད་ལོར། ཁུལ་སྲིད་གཞུང་གིས་བདག་གཉེར་བྱེད་ཐོན་པའི་འཐུས་མིའི་གྲོས་གཞི་དང་བདག་གཉེར་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དེ་མང་ཚོགས་ལམ་ཕྱོགས་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་རྟགས་མཚན་དུ་གྱུར་ནས། རང་རྟོགས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་ལྟ་སྐུལ་དང་ལེན་བྱས་ཏེ། བདག་གཉེར་དང་ལན་འདེབས་བྱེད་ཚད་100%ཟིན་པ་དང་འཐུས་མིའི་ཡིད་ཚིམ་ཚད100%ཟིན་པ། གནད་དོན་ཐག་གཅོད་བྱེད་ཚད་མཚོན་པའི་Aརིགས་ཀྱི་གནད་དོན་ཉེ་བའི་ལོ་འགའི་རིང་དུ་གསར་མཐོ་གཏོད་པ་དང་བདག་གཉེར་བྱེད་པའི་གྲུབ་འབྲས་མངོན་གསལ་བྱུང་ཡོད།

ད་ལོའི་འཐུས་མིའི་གྲོས་གཞི་བདག་གཉེར་བྱེད་པའི་ལས་ཀར་ཁྱད་ཆོས་ཁག་བཞི་ཐོན་པ། གཅིག་ནས་ལས་ཀ་སྒྲུབ་པའི་ཁྲོད་དུ་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱིས་མཐོང་ཆེན་བྱས་པ། གཉིས་ནས་འཐུས་མིའི་གྲོས་གཞིའི་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་གཏོང་བ། གསུམ་ནས་བདག་གཉེར་བྱེད་པའི་བྱ་ཐབས་ནུས་པ་ལྡན་པ། བཞི་ནས་ལྟ་སྐུལ་སྤྱི་འདོམས་པའི་ལས་ཀར་གྲུབ་འབྲས་བྱུང་ཞིང་། “ནན་ཏན་གྱིས་བསྒྲུབ་རྒྱུ་སྤྲོད་པ་དང་དུས་སྐེད་དུ་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། གནད་ཆེར་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། རྗེས་སྙེག་ཞིབ་འཇུག་བརྟག་དཔྱད་བྱེད་པ་”ཞེས་པའི་བྱ་ཐབས་སྤྱད་དེ། གྲོས་གཞི་ཡོངས་ཀྱི་དུས་ཐོག་ཏུ་བདག་གཉེར་བྱེད་པ་དང་ལན་འདེབས་པར་ཁག་ཐེག་བྱས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག