མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གི་གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པར་ཞུགས་ཚད100%ཟིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-13 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་ཕན་ནུས་ཐེབས་རྒྱ་ཆེར་སྐྱེད་པ་དང་ཞིང་པའི་ཕན་ནུས་ཐོབ་པའི་ཆུ་ཚད་མཐོ་རུ་གཏོང་བ་དམིགས་འབེན་དུ་གྱུར་བ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པ་ལ་ཤུགས་བསྣན་ཏེ། དམངས་ཕན་སྲིད་ཇུས་འདི་དེ་བས་ལེགས་པའི་ངང་རྒྱ་ཆེ་བའི་ཞིང་གྲོང་གི་མང་ཚོགས་ལ་ཕན་ནུས་སྤྲོད་པ། མིག་སྔའི་བར་དུ། འབའ་ལུང་རྫོང་གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པར་མི་123407ཞོགས་ཡོད་དེ། ཞུགས་ཚད་100%ཟིན།

གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པ་ཕྱོགས་ཡོངས་སུ་ཁེབས་པའི་དུས་མཚུངས་སུ། འབའ་ལུང་རྫོང་གིས་ལྟ་ཞིབ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔར་ལས་ལྷག་པར་སྨན་བཅོས་བྱ་སྤྱོད་ཚད་ལྡན་ཅན་དུ་འགྱུར་ཞིང་། ནུས་པ་ཐོན་པས་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པའི་ལས་ཀ་ལམ་ལུགས་ཅན་དང་ཚད་གཞི་ཅན་དུ་གོང་སྤེལ་བྱུང་བར་སྐུལ་འདེད་གཏོང་ཞིང་།གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པར་ཞུགས་ནས་དེ་ལས་མཐོ་བའི་སྨན་བཅོས་འཕྲོད་བསྟེར་ཞབས་འདེགས་ལོངས་སུ་སྤྱོད་ཐུབ་པ་རེད། བསྡོམས་རྩིས་བྱས་པ་ལྟར། ད་ལོའི་ཟླ་1པོ་ནས་ཟླ་7པའི་བར་དུ།འབའ་ལུང་རྫོང་དུ་གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པའི་སྲིད་ཇུས་ཀྱི་ཁ་གསབ་ལོངས་སུ་སྤྱོད་པའི་ཞིང་པ་ཁྲི་17.38ཡོད། དེའི་ནང་། སྨན་ཁང་དུ་སྡོད་པའི་ཁ་གསབ་རོགས་དངུལ་མི་ཐེངས་ཁྲི་0.53ལ་སྤྲད་པ་དང་སྒོ་བསྟེན་སྨན་བཅོས་ཀྱི་ཁ་གསབ་རོགས་དངུལ་མི་ཐེངས་ཁྲི་16.79ལ་སྤྲད་པ། ཕྲུ་གུ་སྐྱེ་བའི་ཁ་གསབ་རོགས་དངུལ་མི་ཐེངས་640ལ་སྤྲད་དེ། ཁ་གསབ་རོགས་དངུལ་ཁྱོན་བསྡོམས་སྒོར་ཁྲི་2268སྤྲད་ཡོད། དེའི་ནང་སྨན་ཁང་དུ་སྡོད་པར་ཁ་གསབ་རོགས་དངུལ་སྒོར་ཁྲི་1823.45སྤྲད་པ་དང་། སྒོ་བསྟེན་སྨན་བཅོས་དུ་ཁ་གསབ་རོགས་དངུལ་སྒོར་ཁྲི་374.9སྤྲད་པ། ཕྲུ་གུ་སྐྱེ་བར་ཁ་གསབ་རོགས་དངུལ་སྒོར་ཁྲི་67.79སྤྲད་པ། དམིགས་གསལ་གྱི་གཅོང་ནད་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་1.86སྤྲད་པ་རེད།

སྔར་ལས་ལྷག་པར་མང་ཚོགས་ཀྱིས་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད། འབའ་ལུང་རྫོང་གིས་གློ་སྙིང་བསྡོངས་པའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད་སོགས་དམིགས་བསལ་གྱི་གཅོང་ནད་སྣ་རིགས་10སྒོ་བསྟེན་སྨན་བཅོས་ཀྱི་ཁ་གསབ་ཏུ་འཇུག་སྟེ། སྔར་ལས་ལྷག་པར་གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པའི་ཕན་ནུས་ཐེབས་རྒྱ་ཆེ་རུ་སྐྱེད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག