མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་མ་དངུལ་སྒོར་ཁྲི1900བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་པར་རྒྱབ་སྐྱོར་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-13 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་ནས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནོར་སྲོད་ཅུས་ནས་ཤེས་རྟོགས་བྱུང་དོན།ད་ལོར་རང་ཁུལ་གྱིས་གོང་རིམ་ལ་མ་དངུལ་སྒོར་ཁྲི་1900བརྩོན་ལེན་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་པར་རྒྱབ་སྐྱོར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།2003ལོ་ནས་བཟུང་།ཞིང་ཆེན་ནོར་སྲིད་ཀྱིས་དེ་སྔོན་གྱི་དོན་དག་གཅིག་ལ་གྲོས་གླེང་གཅིག་གི་བྱ་དགའ་དང་ཁ་གསབ་སྲིད་ཇུས་དེ་རྣམ་པ་བསྒྱུར་བ་དང་རིམ་པ་སྤར་ཏེ།མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དེ་དོན་དག་གཅིག་ལ་གྲོས་གླེང་གཅིག་གི་ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་ལས་ཀའི་ནང་དོན་གཙོ་བོར་བྱས་ཤིང་།ལོ་རེར་ཞིང་ཆེན་ནོར་སྲིད་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་7སྤྲད་པའི་ལྷན་དུ།རྣམ་གྲངས་500ཡི་འཛུགས་སྐྲུན་འཆར་འགོད་བྱས་ཡོད་ལ།ད་དུང་ལོ་རེ་བཞིན་རྣམ་གྲངས་སྣོན་བཞིན་ཡོད།གོང་རིམ་ལ་བརྩོན་ལེན་བྱས་ནས་ད་ལོར་སེམས་ཀྱི་ཉི་ཟླ་རྫོང་གི་ཉི་ཤར་ཤང་དང་ཧྲང་ཅང་ཤང་དང་།དཔལ་འབྱོར་གསར་སྤེལ་ཆུས་ཀྱི་ཞིན་རིང་གྲོང་སྡེ།འབའ་ལུང་རྫོང་གི་མཐའ་ཆུ་གྲོང་རྡལ།འཇོལ་རྫོང་གི་ཡུན་ལིན་ཤང་དང་ཐང་སྟེང་ཤང་།ཡན་མིང་ཤང་།གཡག་རྭ་ཤང་བཅས་ཀྱི་རྣམ་གྲངས་ལ་ཆོག་མཆན་སྤྲད་པ་དང་རྒྱབ་སྐྱོར་ཐོབ་ཡོད་དེ།མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་1900ཐམ་པ་ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།རྣམ་གྲངས་དེའི་མ་དངུལ་གྱིས་ཕྱོགས་དྲུག་གི་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱེད་ཡོད་དེ།གཅིག་ནས་གྲོང་སྡེའི་འགྲེམ་ཚུལ་ལེགས་སུ་གཏོང་བ་དང་ལྟེ་བའི་གྲོང་སྡེ་དང་གྲོང་གསེབ་ཀྱི་སྡེ་ཁུལ་གསར་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ།གཉིས་ནས་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་པ།གསུམ་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ།བཞི་ནས་གྲོང་གསེབ་ཀྱི་ཞབས་འདེགས་ལས་རིགས་འཕེལ་རྒྱས་གཏོང་བ་དང་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ།དྲུག་ནས་དགེ་མཚན་ལྡན་ཞིང་ཡར་ཐོན་གྱི་གྲོང་གསེབ་རིག་གནས་དང་གྲོང་གསེབ་ཀྱི་དར་སྲོལ་གསར་པ་གསོ་སྐྱོང་བྱེད་རྒྱུ་བཅས་ཡིན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག