མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་མེ་འགོག་དྲིལ་སྒྲོག་ཟླ་འཁོར་བྱ་འགུལ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-12 10:18

མང་ཚོགས་ལ་མེ་འགོག་འཕྲུལ་ཆས་ཇི་ལྟར་བཀོལ་སྤྱོད་བྱེད་པར་མཛུབ་ཁྲིད་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས9ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས“119”མེ་འགོག་དྲིལ་སྒྲོག་ཟླ་འཁོར་བྱ་འགུལ་སྤེལ་བའི་མཛད་སྒོ་དཀྱིལ་འཁོར་ཐང་ཆེན་དུ་བསྡུས།  བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མྰ་ཝུན་ལོན་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད།

མྰ་ཝུན་ལོན་གྱིས་དུས་ཡུན་རིང་བོར་ནང་། ཁུལ་ཡོངས་ཀྱི་མེ་འགོག་དམག་དཔུང་གིས་དཔུང་ཁག་འཛུགས་སྐྲུན་བྱེད་པ་དང་དེང་རབས་ཅན་གྱི་མེ་འགོག་དམག་དཔུང་འཛུགས་སྐྲུན་བྱེད་པར་གཙོ་བྱས་ཏེ། མེ་འགོག་བདེ་འཇགས་དོ་དམ་གསར་སྐྲུན་བྱེད་པ་དང་མེ་སྐྱོན་འབྱུང་སླ་བའི་ས་ཆར་ལེགས་བསྒྱུར་བྱེད་པ། ཕན་འབྲས་ཡོད་པའི་སྒོ་ནས་དམག་དཔུང་གི་དོ་དམ་སློབ་གསོ་ལ་ཤུགས་སྣོན་པ། སྤྱི་ཚོགས་མེ་སྐྱོན་ཚོད་འཛིན་བྱེད་པ་དང་མེ་སྐྱོན་མེད་པར་བཟོ་བའི་ནུས་ཤུགས་བཅས་དམག་དཔུང་གི་འཛུགས་སྐྲུན་ཆུ་ཚད་སོགས་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་བས། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་བོད་ཁུལ་འཆམ་མཐུན་བདེ་འཇགས་ལ་བྱས་རྗེས་གལ་ཆེན་བཞག་ཡོད་པར་བསྟན།

མྰ་ཝུན་ལོན་གྱིས་ད་དུང་མེ་འགོག་བདེ་འཇགས་ནི་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲི་ཡིན་པ་དང་། རེ་བ་ཡིན་ན་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཚོས་རང་ཉིད་སྤྱི་ཚོགས་འདིའི་བདག་པོ་ཡིན་པའི་ལྟ་བ་ཡིད་ལ་དམ་པོ་བཅིངས་ནས། དུས་དང་རྣམ་པ་ཀུན་ཏུ་མེ་འགོག་བྱ་གཞག་སྟེང་ཞུགས་པ་དང་དོ་སྣང་བྱེད་པ།  དྲིལ་སྒྲོག་བྱེད་པ། རྒྱབ་སྐྱོར་བྱེད་པ་བཅས་བདེ་འཇགས་དང་འཆམ་མཐུན་གྱི་བདེ་ཆེན་ཁུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་པར་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག