མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས“ཚན་རིག་ཤེས་བྱ་བོད་ཁུལ་དུ་སྐྱེལ་བའི”བྱ་འགུལ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-12 10:18

པར་རིས་སྟེང་ཆེད་ལས་མཁས་པས་སེམས་ཀྱི་ཉི་ཟླ་རྫོང་ནེ་ཞི་སློབ་ཆུང་དུ་གནམ་རིག་ཕྱོགས་ཀྱི་ཤེས་བྱའི་འཆད་ཁྲིད་སྤེལ་བཞིན་པའི་ཚུལ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། ཡུན་ནན་ཞིང་ཆེན་ཚན་རིག་མཐུན་ཚོགས་དང་བདེ་ཆེན་ཁུལ་ཚན་རིག་མཐུན་ཚོགས་བཅས་ཀྱིས་མཉམ་དུ་སྒྲུབ་པའི2014ལོའི“ཚན་རིག་ཤེས་བྱ་བོད་ཁུལ་དུ་སྐྱེལ་བའི”བྱ་འགུལ་སྤེལ་བ་དང་། དགོན་སྡེ་དང་སློབ་གྲྭ། ཞིང་སྡེ་དང་ལས་ཁུངས་བཅས་ལ་ཚན་རིག་ཤེས་བྱ་བསྐྱལ་བ་བརྒྱུད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པ་དང་བོད་ཁུལ་ལས་བྱེད་མང་ཚོགས་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་བ། གྲྭ་བཙུན་གྱི་ཚན་རིག་ཤེས་བྱའི་བྱང་ཚད་མཐོར་འདེགས་སུ་གཏོང་བར་མཐུན་རྐྱེན་སྐྲུན།

ཤེས་གསལ་བྱུང་བ་ལྟར་ན། 2010ལོ་ནས་བཟུང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་ཁྱབ་ཁོངས་ཇེ་ཡངས་སུ་གཏོང་བ། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱ་བ་གསར་སྐྲུན་བྱེད་པ་དང་དུས་རབས་གསར་བའི་ནང་བདེ་ཆེན་ཁུལ་གྱི་ཚན་རིག་ཁྱབ་གདལ་གཏོང་བའི་བྱ་བ་འཚོལ་ཞིབ་བྱེད་པ་བཅས་སྔར་ལས་ལྷག་པར《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་སུ་གཏོང་བའི་བྱ་འགུལ་འཆར་འགོད་རྩ་གནད》ལག་བསྟར་བྱེད་ཆེད།  བདེ་ཆེན་ཁུལ་ཚན་རིག་མཐུན་ཚོགས་ཀྱིས་ཞིང་ཆེན་ཚན་རིག་མཐུན་ཚོགས་དང་ཞིང་ཆེན་གནམ་རིག་སྐར་སྟེགས་བུ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་བདེ་ཆེན་ཁུལ་དུ་མཐོ་སྒང་གི་ནད་ཡམས་སྔོན་འགོག་བྱེད་པའི་ཆེད་ལས་མཁས་པ་བོད་ཁུལ་གྱི་དགོན་སྡེ་རུ་སྐྱོད་པ་དང་། བོད་ཀྱི་གསོ་རིག་གཞིས་ཁུལ་དང་དགོན་སྡེ་རུ་བསྐྱལ་བ། གནམ་རིག་ཤེས་བྱ་དགོན་སྡེ་རུ་བསྐྱལ་བ། སྨན་བཅོས་བདེ་ཐང་བོད་ཁུལ་དུ་བསྐྱལ་བ་དང་ཚན་རིག་ཤེས་བྱ་དགོན་སྡེ་རུ་བསྐྱལ་བ་སོགས་ཚན་རིག་ཤེས་བྱ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས།  བོད་ཁུལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག