མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཁོར་ཡུག་ལེགས་བཅོས་རྣམས་གསུམ་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-12 10:17

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས7ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་“བདེ་ཆེན་ཁུལ་ཡུལ་སྐོར་ཁོར་ཡུག་ལེགས་བཅོས་བྱ་འགུལ”དང་།“བདེ་ཆེན་ཁུལ་ལམ་ཁོངས་ཁོར་ཡུག་ལེགས་བཅོས་བྱ་འགུལ།” “བདེ་ཆེན་ཁུལ་སྲིད་དོན་ཁོར་ཡུག་ལེགས་བཅོས་བྱ་འགུལ་”བཅས་ཁོར་ཡུག་ལེགས་བཅོས་བྱ་འགུལ་ཚོ་ཆུང་གི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་འཚོགས། གྲོས་ཚོགས་ཀྱིས་དུས་རིམ་སྔ་མའི་ལས་ཀ་སྣ་གསུམ་བསྒྲུབས་པའི་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། ཁོར་ཡུག་ལེགས་བཅོས་སྣ་གསུམ་གྱི་《བྱ་འགུལ་ལས་ཀ་ལག་བསྟར་བྱེད་པའི་ཇུས་གཞི་》དང་།《དཔྱད་ཞིབ་བྱ་ཐབས》གྲོས་འཆམ་བྱུང་ཞིང་། དུས་རིམ་རྗེས་མའི་ལས་ཀ་བཀོད་སྒྲིག་བྱས།

ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ། བདེ་ཆེན་ཁུལ་ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་བྱ་འགུལ་དང་ལམ་ཁོངས་ཁོར་ཡུག་ལེགས་བཅོས་བྱ་འགུལ། སྲིད་དོན་ཁོར་ཡུག་ལེགས་བཅོས་བྱ་འགུལ་གྱི་ལས་ཀའི་ཚོ་ཆུང་གི་འགོ་འཛིན་ཀྲང་ཀྲི་ཅུན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱེད་པ་དང་གསུང་བཤད་གནང་བ་རེད།

“ཁོར་ཡུག་ཕྱོགས་བསྡུས་ཀྱིས་ལེགས་བཅོས་བྱེད་པ་དང་། མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་པའི”ཆེད་དམིགས་བྱ་འགུལ་ལ་གཞིགས་ནས། ད་ལོའི་ཟླ་12པའི་ཚེས་31ཉིན་གྱི་སྔོན་དུ། ཁུལ་ཡོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་ལ་ཐོག་མའི་གྲུབ་འབྲས་བྱུང་རྒྱུ་དང་། སང་ལོའི་ཟླ་5པའི་ཚེས་1ཉིན་གྱི་སྔོན་དུ། ཁོར་ཡུག་ལ་མངོན་གསལ་གྱིས་འགྱུར་ལྡོག་བྱུང་རྒྱུ། ཟླ་9པའི་ཚེས་30ཉིན་གྱི་སྔོན་དུ། ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་རྒྱུ་དང་ཕུགས་ཕན་ལམ་ལུགས་གཞི་རྩར་འཛུགས་རྒྱུ། ཟླ་12པའི་ཟླ་མཇུག་གི་སྔོན་དུ། གྲོང་ཁྱེར་དང་གྲོས་གསེབ་ཀྱི་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་དོ་དམ་ཆུ་ཚད་རྒྱལ་ཡོངས་བོད་ཁུལ་གྱི་སྔོན་གྲས་སུ་སླེབས་རྒྱུ་རེད།

ལས་ཀ་བཀོད་སྒྲིག་བྱེད་པའི་སྐབས་སུ། ཀྲང་ཀྲི་ཅུན་གྱིས་“ཡུལ་སྐོར་དང་ལམ་ཁོངས། སྲིད་དོན་ཁོར་ཡུག”བཅས་ཀྱི་ལེགས་བཅོས་ལས་ཀ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་ཁྲོད་དུ། རིམ་པ་ཁག་གི་སྡེ་ཁག་སོ་སོས་ངེས་པར་དུ་“ངོས་འཛིན་མཐོ་པོ་ཡོད་དགོས་པ”དང་། “དམིགས་འབེན་གཏན་འབེབས་བྱེད་དགོས་པ།” “ལས་འགན་གསལ་འབེབས་བྱེད་དགོས་པ།” “འགན་ལེན་གསལ་པོ་བྱུང་དགོས།” “ལམ་ལུགས་ཞིབ་ཕྲར་གཏོང་དགོས་པ།” “བྱ་འགུལ་དངོས་སུ་བྱེད་དགོས་པ།” “གཅིག་བསྡུས་ཀྱིས་དྲིལ་བསྒྲགས་བྱེད་དགོས་པ”ཞེས་པའི་“བྱེད་དགོས་པ” ཁག་བདུན་བྱེད་དགོས་པའི་ནན་བཤད་བྱས།

ཡུལ་སྐོར་དང་ལམ་ཁོངས། སྲིད་དོན་བཅས་ཁོར་ཡུག་ལེགས་བཅོས་བྱ་འགུལ་ཚོ་ཆུང་སྣེ་ཁྲིད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོ་ཆུང་གི་ཁོངས་མི་དང་། གཞུང་ལས་ཁང་གི་ཀྲུའུ་རེན། ལས་འགན་ལས་ཁུངས་ཁག་གི་འགོ་ཁྲིད་གཙོ་བོ་དང་རྫོང་གསུམ་ཆུས་གཅིག་གི་ལས་བགོས་འགན་གཉེར་རྫོང་དཔོན་གཞོན་པ་(ཀྲུའུ་རེན)གྲོས་ཚོགས་སུ་ཞུགས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག