མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ཁྲིམས་རིག་ཚོགས་པ་དབུ་བརྙེས་པ།

    2014-11-12 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས་5ཉིན་གྱི་སྔ་དྲོར།བདེ་ཆེན་ཁུལ་གྱི་ཁྲིམས་རིག་ཚོགས་པ་དབུ་བརྙེས་པའི་ཚོགས་ཆེན་དང་ཐེངས་དང་པོའི་སྐུལ་སློང་ཚོགས་ཆེན་འཚོགས།

ཡུན་ནན་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ།ཞིང་ཆེན་ཁྲིམས་རིག་ཚོགས་པའི་ཆེད་བསྐོས་ཚོགས་གཙོ་གཞོན་པ།དྲུང་ཆེན་ཆི་ཁམས་གྲོས་ཚོགས་སུ་ཕེབས་ཏེ་མཛུབ་སྟོན་གནང་བ་རེད།

གྲོས་ཚོགས་ཐོག་བདེ་ཆེན་ཁུལ་ཁྲིམས་རིག་ཚོགས་པའི་སྐབས་དང་པོའི་ལས་འཛིན་མི་25དང་།རྒྱུན་ལས་ལས་འཛིན་མི་15བཅས་བདམས་ཐོན་བྱས་ཤིང་།མ་ཝུན་ལུང་ཁྲིམས་རིག་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱས།

གྲོས་ཚོགས་ཐོག མ་ཝུན་ལུང་གིས་ཁྲིམས་རིག་ཚོགས་པ་ནི་ཏང་གིས་འགོ་ཁྲིད་པའི་ཆེད་དམིགས་ཀྱིས་ཁྲིམས་རིག་ཞིབ་འཇུག་བྱེད་མཁན་སྤྱི་ཚོགས་ཚོགས་པ་ཞིག་དང་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་།ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་ཁྲིམས་རིག་ལས་བྱེད་པ་དང་ཁྲིམས་ལུགས་ལས་བྱེད་པ་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུ་ཡིན་ལ།དམངས་གཙོའི་ཁྲིམས་ལུགས་འཛུགས་སྤེལ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ།དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་སྟོབས་ཤུགས་ཤིག་ཡིན།ཁྲིམས་རིག་ཚོགས་པ་དབུ་བརྙེས་པ་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་དགོས་མཁོ་ཡིན་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་དགོས་མཁོ་ཡིན་ཞིང་།“ཁྲིམས་ལུགས་ལ་བརྟེན་ནས་བོད་སྐྱོང་བ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་པའི”དངོས་ཡོད་ཀྱི་དགོས་མཁོའང་ཡིན་ཞེས་གསུང་པ་རེད།

མ་ཝུན་ལུང་གིས་བདེ་ཆེན་ཁུལ་གྱི་ཁྲིམས་རིག་ཚོགས་པའི་ལས་ཀ་ཡིས“རང་ས་གནས་ལ་རྐང་འཛུགས་པ་དང་རང་ས་གནས་ལ་ཞིབ་འཇུག་བྱེད་པ།རང་ས་གནས་ལ་ཞབས་འདེགས་ཞུ་བའི”རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།ཏང་ཨུ་དང་སྲིད་གཞུང་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ།ཁྲིམས་ལུགས་འཛུགས་སྤེལ་ཁྲོད་ཀྱི་གནད་དོན་གྱིས་སྣེ་ཁྲིད་བྱེད་ཅིང་།དངོས་གཉེར་རང་བཞིན་གྱི་ཞིབ་འཇུག་དང་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྲུན་ཐད་ལ་བྱས་རྗེས་འཇོག་དགོས་ཞེས་ནན་བཤད་བྱས། +

ཆི་ཁམས་ཀྱིས་གྲོས་ཚོགས་ཐོག་གསུང་བཤད་གནང་བ་དང་ཚོགས་ཆེན་ཐོག་ད་དུང་བྱང་བུ་སྤྲོད་པའི་མཛད་སྒོ་བསྡུས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག