མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་རྩོམ་པ་པོ་ལི་དབྱི་ཆུན་གྱི་ལྷུག་རྩོམ་ལ་ཏན་ནུབ་རྩོམ་རིག་བྱ་དགའ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-12 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཏན་ནུབ་ཁུལ་དང་གྲོང་ཁྱེར་བརྒྱད་ཀྱི་རྩོམ་རིག་གསར་རྩོམ་ལོ་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་དོན།བདེ་ཆེན་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལི་དབྱི་ཆུན་གྱི་ལྷུག་རྩོམ་《གཙང་འགྲམ་གྱི་འདས་དོན་ཕྱིར་དྲན》ཞེས་པར་2014ལོའི་ཏན་ནུབ་རྩོམ་རིག་བྱ་དགའི་ལྷུག་རྩོམ་རིགས་ཀྱི་བྱ་དགའ་ཐོབ།《གཙང་འགྲམ་གྱི་འདས་དོན་ཕྱིར་དྲན》ཞེས་པ་དེ་2011ལོའི་《ཁ་བ་དཀར་པོ》ཞེས་པའི་དུས་དེབ་ཀྱི་འདོན་ཐེངས་དང་པོ་དང་འདོན་ཐེངས་གཉིས་པར་བཏོན་པ།ལྷུག་རྩོམ་ཐོག་བྲིས་པའི་ནང་དོན་ནི་རྩོམ་པ་པོ་བྱིས་པའི་དུས་སུ་འབྲི་ཆུའི་འགྲམ་གྱི་དགོད་བྲོ་བའི་གཏམ་རྒྱུད་ཡིན།

ཏན་ནུབ་ཁུལ་དང་གྲོང་ཁྱེར་བརྒྱད་ཀྱི་རྩོམ་རིག་ལོ་ཚོགས་ནི་ཡུན་ནན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་ས་གནས་ཁུལ་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རེས་སྐོར་གྱིས་སྒྲུབ་འགན་འཁུར་ལེན་བྱེད་ཅིང་།ཡུན་ནན་རྩོམ་རིག་སྒྱུ་རྩལ་གྱི་གསར་རྩོམ་དར་རྒྱས་གོང་འཕེལ་གཏོང་བ་དང་རྩོམ་རིག་སྒྱུ་རྩལ་གྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་པའི་གལ་ཆེའི་ལས་སྟེགས་ཤིག་ཡིན།ལོ་ཚོགས་ཐོག་ཏན་ནུབ་རྩོམ་རིག་བྱ་དགའ་བཀོད་སྒྲིག་བྱས་ཡོད་དེ།ལོ་རེར་རྩོམ་རིག་ཁག་གཅིག་གི་བྱ་དགའ་འདེམས་བསྐོ་བྱེད་རྒྱུ་ཡིན་ཞིང་།ལོ་ཚོགས་འདིའི་ཞིབ་འཇུག་དང་གྲོས་བསྡུར་བྱ་རྒྱུ་གཙོ་བོ་ནི་ལྷུག་རྩོམ་གྱི་གསར་རྩོམ་སྐོར་ཡིན།ཟླ་11པའི་ཚེས་10ཉིན་ནུབ་ཅང་དུ་འཚོགས་པ་རེད།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག