མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་བླངས་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-11 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་མ་མཐུད་དུ“ཞིང་གསུམ”བྱ་བར་ཤུགས་སྣོན་པ་དང་། ཞིང་སྡེའི་གསར་བ་འཛུགས་སྐྲུན་བྱེད་པར་གཙོ་བྱས་པ་བརྒྱུད། ཞིང་བའི་མཛེས་སྡུག་གི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་སྐུལ་སློང་བྱས་པ་དང་། ལས་བྱེད་པས་སྣེ་ཁྲིད་པ་དང་མང་ཚོགས་ཀྱི་འབད་པ་བྱེད་པ།  སྡེ་བའི་བར་འགྲན་བསྡུར་བྱེད་པའི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད།

རྒྱུན་ཆད་མེད་པར་འབད་པ་བྱས་པ་བརྒྱུད། ཞིང་སྡེའི་གསར་བ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ། སྡེ་བའི་གཞུང་ལམ་སྲ་འགྱུར་དང་། “གནས་ལྔ་དང་ངོ་བོ་གཅིག”སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱས་པར་བརྒྱུད། ཕན་འབྲས་ཡོད་པའི་སྒོ་ནས་རྣམ་གྲངས་སྤེལ་སའི་སྡེ་བའི་ཆུ་དང་གློག གཞུང་ལམ་སོགས་གནད་དོན་ཐག་བཅད་པས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སོང་ཡོད་པའི་ཐོག  རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དཔལ་འབྱོར་དར་སྤེལ་བྱེད་པའི་དུས་མཚུངས་སུ། ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་གཙོ་བྱས་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་འཛུགས་སྐྲུན་བྱེད་པ་དང་། ཞིང་སྡེའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། རྒྱང་སྒྲོག་བརྙན་འཕྲིན། ཚན་རིག་ལག་རྩལ། རིག་གནས་ལུས་རྩལ་སོགས་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། མང་ཚོགས་ཀྱི་དངོས་པོ་དང་བསམ་པའི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་བ་མངོན་གསལ་ཡིན་པས། ག་ས་གང་དུ་བྱ་གཞག་སོ་སོ་དར་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་ལེགས་པོ་ཞིག་གིས་ཁེངས་འདུག  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག